R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༣༨ན
[A:༣༣༨ན]འབྱོར་མའི་སྒྲུབ་ཐབས་རྒྱ་གར་གི་མཁན་པོ་ཛ་ཡའི་ཞབས་དང་། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ། རྡོ་རྗེ་ཕག་མོ་རིག་པ་འཛིན་པ་རྩེ་ན་མའི་སྒྲུབ་ཐབས་སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པ། རྗེ་བཙུན་ཛ་ཡ་ཤྲཱི་སེ་ན་དང་སུམ་པ་ལོ་ཙཱ་བས་བསྒྱུར་བ། རིག་པ་འཛིན་པ་རྩེ་ན་མ་རྡོ་རྗེ་རྣལ་འབྱོར་མའི་རྣལ་འབྱོར་དུ་སྣང་བའི་ཆོ་ག་མཁས་པ་ཆེན་པོ་རྒྱལ་བའི་སྡེས་མཛད་པ། པཎྜི་ཏ་དེ་ཉིད་དང་བཙུན་པ་དར་མ་ཡོན་ཏན་གྱིས་བསྒྱུར་བ། རྡོ་རྗེ་འཛིན་པ་གྲགས་པ་གཞོན་ནུ་སོགས་ཀྱིས་བསྐུལ་ནས་མཁའ་སྤྱོད་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཀུན་དགའ་སྨོན་ལམ་གྱིས་མཛད་པ། དེས་མཛད་པའི་བསྟོད་པ་ཡོན་ཏན་མཐའ་ཡས་མ། པཎ་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་སྒྲུབ་ཐབས་དང་བྱིན་རླབས་ཀྱི་ཆོ་ག་གོ་བདེ་བཀླགས་ཆོག་ཏུ་བཀོད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། སྤྱན་རས་གཟིགས། བྱང་སེམས་བློ་གྲོས་རིན་ཆེན། རི་ཁྲོད་དབང་ཕྱུག །
ཤ་བ་རི་རྩེ་
གྲུབ་ཆེན་མཻ་ཏྲི་པ།
གཉིས་མེད་རྡོ་རྗེ་
རྒྱ་གར་ཕྱག་ན་རྡོ་རྗེ། ཀ་མ་ལ་བཛྲ།
མཚོ་སྐྱེས་རྡོ་རྗེ་
ཛ་ཡ་སེ་