[A:༣༤༠ན]འདས་པདྨ་དབང་ཆེན་ལ་ཕྱག་འཚལ་ལོ། །ཞེས་ཡོད་པའི་ཕྱིར་རོས་སྔོན་འགྲོའི་མཆོད་པ། མགོར། དང་པོ་ནི་སྒྲུབ་ཁང་གི་ཕྱོགས་བཞིར། ཞེས་ཡོད་པའི་རྒྱལ་ཐོ་གཟུག་པ། གནས་ཁང་གི་ཕྱིར་གོམ་བདུན་གྱི་བར། ཞེས་ཡོད་པའི་དམ་སྲིའི་མནན་པ། ལུང་ལས་ར་སོག་དག་ལ་ཞེས་ཡོད་པའི་སྒོ་བྱང་གདགས་པ་བཅས་ཀྱི་མཇུག །སོགས་པ་ཉེར་མཁོ་དྲུང་དུ་བཞག་གོའི་མཐའ་ཅན། མགོར། མདའ་བརྒྱད་དག་ལ་མངའ་གསོལ་བ། ཞེས་ཡོད་པའི་རྒྱན་དགོད་པའི་ལས་བྱང་། དྲི་ཆེན་དྲི་ཆུ་སྟོང་གསུམ་འཇིག་རྟེན་གང་བ་བཅས་ཀྱི་མཇུག །ཞུ་བ་ཡེ་ཤེས་ལྔ་རུ་འགྱུར་རོའི་མཐའ་ཅན། རྗེ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་དབང་ཆེན་སྒྲུབ་པའི་ཐོ་ཡིག་མགོར། ཐོག་མར་དཀྱིལ་འཁོར་བྲི། ཞེས་པ་ནས། སེང་གེའི་མིང་ཅན་གྱིས་བཀོད་པའོའི་མཐའ་ཅན། རྩ་བརྒྱད་སྟོང་སྦྱར་གྱི་སྨན་ཆེན་པོས་ངོས་འཛིན་པ་མགོར། དམ་རྗས་རྣམ་པ་ལྔ་ལ། ཞེས་པ་ནས། གོང་དུ་བསྟན་པའི་དམ་རྗས་སོའི་མཐའ་ཅན། དབང་ཆེན་བདེ་ཆེན་མྱུ་གུ་དེའི་ལྷན་ཐབས་ལྷ་དབང་གི་ཡི་གེ་རྙིང་པའི་མགོར། བླ་མ་ཡི་