R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༠བ
[A:༣༤༠བ]
དམ། ཞེས་པ་ནས། དབང་ཐོབ་པར་གྱུར་ཅིག་གི་མཐའ་ཅན། རྭ་པཎ་གྱིས་མཛད་པའི་དབང་ཆུ་མ་དག་པའི་དྲི་མ་འཁྲུད་བྱེད་རྫོང་ཆུང་ཚེ་དབང་དཔལ་ལྡན་སེང་གེས་མཛད་པའི་མགོར། བླ་མ་དང་དབང་ཆེན། ཞེས་པ་ནས། མཁའ་འགྲོའི་ཚོགས་ལ་བཟོད་པར་གསོལ་ལོའི་མཐའ་ཅན། ཚེའི་འབྲང་རྒྱས་བཟང་ངན་བརྟགས་པ། ཚེ་བཟང་ངན་བརྟགས་པ་བཅས་ཀྱི་མགོར། ཚེའི་འབྲང་རྒྱས་ཀྱི་ཞེས་པ་ནས། ཚེ་སྒྲུབ་བསྐྱར་རོའི་མཐའ་ཅན། ཚེ་སྒྲུབ་ནག་པོ་འགྲོ་ཤེས་ཚར་ཆེན་གྱིས་མཛད་པའི་མགོར། རིགས་བརྒྱའི་ཁྱབ་བདག་རྗེ་བཙུན་འོད་དཔག་མེད། །ཞེས་པ་ནས། ཡི་གེ་པ་ནི་མཁྱེན་བརྩེའི་དབང་ཕྱུག་གོའི་མཐའ་ཅན། དེས་མཛད་པའི་ཚེ་དབང་གི་ལྷན་ཐབས། མགོར། ཨོཾ་ཨཱཿཧཱུཾ། འདིར་ཚོགས་སྐལ་ལྡན་རྡོ་རྗེའི་བུ། ཞེས་པ་ནས། བློ་གསལ་གྱིས་སྦྱར་བའོའི་མཐའ་ཅན། ས་བཅད་བཞི་པ་ནི། དཔལ་ལྡན་སེང་གེས་མཛད་པའི་དབང་ཆེན་བརྒྱུད་པའི་གསོལ་འདེབས་མགོར། བདེ་ཆེན་རྒྱལ་པོ་ཐུགས་རྗེའི་བདག་ཉིད་ཅན། །ཞེས་པ་ནས། བདེ་ཆེན་གླིང་དུ་བཀོད་པའོའི་མཐའ་ཅན། ཚར་ཆེན་གྱིས་མཛད་པའི་བརྒྱུད་འདེབས་སྨོན་ལམ་མགོར།