[A:༣༤༢ན]གསེར་སྐྱེམས་རྒྱས་པ་ཚིགས་ལྷུག་མའི་མགོར། དབང་ཆེན་སྒྲུབ་པའི། ཞེས་པ་ནས། འབྲས་བུ་མྱུར་ཐོབ་ཤོག་གི་མཐའ་ཅན། གཉེན་པོ་ཕོ་ཉ། ཡུངས་ཀར་ཁྲོ་བོའི་ཕོ་ཉ། ཡུངས་ཐུན་གསེར་སྒོང་མ། ལྷ་དང་ཕྲལ། ཁྲག་ཟོར་འཕན་པ། གཏོར་སྒོ་དབྱེ་བ། དབང་པོ་རབ་ཀྱི་དམར་ནག་གྲུ་གསུམ། འབྲིང་ནུབ་ཕྱོགས་པདྨ། ཐ་མ་ཡུངས་དཀར་དམར། རྟ་བྲོ་བཅས་ཀྱི་མགོར། དཔལ་པདྨ་དབང་ཆེན་ལ། ཞེས་པ་ནས། སྙིང་རྗེ་སྐལ་བ་ཅན་དང་འཕྲད་པར་ཤོག་གི་མཐའ་ཅན། ཟློག་པའི་ལག་ལེན་མུས་སྲད་གསུང་མགོར། མཆོག་དང་། ཞེས་པ་ནས། རྫོགས་སོའི་མཐའ་ཅན། མགོར། སངས་རྒྱས་བསྟན་པ། ཞེས་ཡོད་པའི། ཟློག་པ་གནམ་ལྕགས་སྟོབས་ཀྱི་མཚོན་ཆ་ཕྲིན་ལས་མཛོད་ཀྱི་མཐའ་ཅན། མགོར། དང་པོ་སེམས་ཞེས་ཡོད་པའི་ཡང་ཟློག་ནག་པོའི་བསྔོ་བ་རྣམས་རྒྱལ་ལྷར་བཀོད་པའི་མཐའ་ཅན། མགོར། དཔལ་དྲེགས་པ་ཟིལ་གནོན། ཞེས་ཡོད་པའི་དུག་མཚོ་ཁོལ་མ་གདབ། དུག་མཚོ་ཁོལ་མ་རྫོགས་སོའི་མཐའ་ཅན། མགོར། བཅོམ་ལྡན་འདས་པདྨ་དབང་ཆེན་