R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༡བ
[A:༣༤༡བ]
དུས་གསུམ་སངས་རྒྱས་ཀྱི་བསྟོད་པ། རྒྱལ་བ་ཀུན་བདག་མ། གདུག་ཅན་འདུལ་མཛད་ཁྱོད་ལ་ཕྱག་འཚལ་ལོའི་མཐའ་ཅན། ཧ་ཡ་གྲཱི་ཝའི་རྟགས་བསྟོད་སློབ་དཔོན་གྱིས་མཛད་པ་དང་ཁྱུ་བསྟོད་བཅས་ཀྱི་མགོར། ཧྲཱིཿ དམར་ནག་གྲུ་གསུམ། ཞེས་པ་ནས། བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད་ཀྱི་མཐའ་ཅན། མུས་སྲད་ཀྱི་གསུང་བཀྲ་ཤིས་ཚིགས་བཅད་བརྒྱད་པ་མགོར། བཀྲ་ཤིས་ཞེས་པ་ནས། སྦྱར་བའོའི་མཐའ་ཅན། བདུད་རྩི་འབྲུ་ལྔ་བྱིན་རླབས། གཏོར་མ་འབྲུ་གསུམ་བྱིན་རླབས། རཀྟ་འབྲུ་གཅིག་གི་བྱིན་རླབས་རྣམས་ཀྱི་ཤོག་དྲིལ་དང་བྱིན་འབེབས་ཀྱི་དམིགས་པ་བཅས་ཀྱི་མགོར། བདུད་རྩིའི་ཡི་གེ་ཞེས་པ་ནས། བྱོན་པར་བསམ་གྱིས་མཐའ་ཅན། ཀུན་མཁྱེན་གསུང་ཚོགས་ཐ་མའི་ལག་ལེན་མགོར། དཔལ་རྟ་མགྲིན། ཞེས་པ་ནས། སེང་གེས་སྦྱར་བ་Jའི་མཐའ་ཅན།རིག་འཛིན་སྤྱི་བསྐུལ་རྒྱལ་བ་ཀུན་བདག་མ། དཀོན་མཆོག་སྤྱི་བསྐུལ་བཅས། གོ་འཕང་ཐོབ་པར་ཤོག་གི་མཐའ་ཅན། ཆོས་སྐྱོང་སྤྱི་བསྐུལ། གསེར་སྐྱེམས་མདོར་བསྡུས་མགོར། དཔལ་ཧ་ཡ་གྲཱི་ཝ། ཞེས་པ་ནས། ཟག་མེད་འབྱོར་ཐོབ་ཤོག་གི་མཐའ་ཅན།