[A:༣༤༣བ]ཞལ་ཁྲིད་དེ།༥༣ ཞལ་ཁྲིད་ལྔ་བཅུ་རྩ་གསུམ་རྣམས་སོ། །
ས་བཅད་དྲུག་པ་ནི། བདེ་གཤེགས་འདུས་པའི་དབང་ཆོག་མགོར། དབང་མཛད། ཞེས་པ་ནས། རྫོགས་སོའི་མཐའ་ཅན། ཆོས་རྒྱལ་གྱི་བྲག་དམར་འོམ་བུའི་ཚལ་དུ་སློབ་དཔོན་ལ་ཞུས་པའི་བདེ་གཤེགས་གཅིག་བསྡུས་ཀྱི་ཆོས་སྐོར་ཤིན་ཏུ་གསང་བའོ་Jའི་མཐའ་ཅན། གཉན་པོའི་དྲག་སྔགས་རླུང་མེའི་དམིགས་རིམ། ཕུར་ཡུངས་ཐལ་བའི་ཆུ་དང་། སེར་བ་སྲུང་བ། གཏེར་བུམ། གཉན་པོའི་རྫས། བསྙེན་སྒྲུབ་ལས་གསུམ་གྱི་རྫས་གཤོམ། བསད་བསྲེགས་མནན་གསུམ་གྱི་ལས་མཇུག་སྒྲུབ་པ་དང་བཅས་པ་རྫོགས་སོའི་མཐའ་ཅན། སྲུང་ཟློག་གསོ་བའི་ལས་སྦྱོར་བདེ་འདུས་དྲག་སྔགས། བདེ་འདུས་ལས་རིམ་རྣམ་བརྒྱད། བདེ་འདུས་བསྙེན་སྒྲུབ་དྲག་སྔགས་ཀྱི་ཟབ་གནད་དང་དགོངས་པ་འབྲེལ་བ། དམ་ཅན་སྲོག་འཁོར་ལ་བརྟེན་ནས་ཆོས་སྐྱོང་བསྐུལ་བ། སྡེ་བརྒྱད་བྲན་དུ་བཀོལ་བ། རིགས་བཞི་ཀླུ་གདོན་འདུལ་བའི་འཁོར་ལོ། དགྲ་བགེགས་དམ་སྲི་འདུལ་བ། རྦོད་གཏོང་བཟློག་པ། རང་སྲུང་འཁོར་ལོ། ལྕགས་སམ་སེང་ལྡེང་ཕུར་བུ་ལ་བརྟེན་ནས་སྲིའུ་གསོ་བ། སྨྱོ་འབོག་