R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༤ན
[A:༣༤༤ན] འདུལ་བ། གུ་གུལ་དང་སྲིན་ལག་བསྡོམས་པས་དྲི་ངམ་འདུལ་བ། ཞོ་ཆང་སྲུང་བ། མུ་ཟི་བཅུ་པ་དང་། གི་ཝཾ་དགུ་སྦྱོར་གྱི་ལས་སྦྱོར་ལ་བརྟེན་ནས་ཡམས་རིམས་སྲུང་བ་བཅས། ལས་འཕྲོ་ཅན་དང་འཕྲད་པར་ཤོག་གི་མཐའ་ཅན། ས་བཅད་བདུན་པ་ནི། ཆུའི་བཅུད་ལེན་ཞལ་ཕྱེའི་དཀའ་ཐུབ་ཅན་གྱི་མགོར། དང་པོ་སྐྱབས་འགྲོ། ཞེས་པ་ནས། སྦྱིན་པར་བྱ་བའོའི་མཐའ་ཅན། དངོས་གྲུབ་སྒྲུབ་པ། དགྲ་བགེགས་བསྒྲལ་བ། བཟློག་པ། མནན་པ། ཟོར་དུ་བྱ་བ། སྦྱིན་སྲེག་བྱབས་པ། དངོས་གྲུབ་སྒྲུབ་པ། ཚེ་སྒྲུབ་པ། རིགས་རྒྱུད་སྒྲུབ་པ། སྲིའུ་གསོ་བ། ནོར་སྒྲུབ་པ། ལྷ་འདྲེ་མི་གསུམ་དབང་དུ་བྱ་བ། འབྱུང་པོ་དབང་དུ་བསྡུ་བ། སེར་བ་བཟློག་པ། མེ་ཆུ་རིམས་སོགས་གང་གནོད་པར་སྡེབ་པ་སྟེ་གཏོར་མའི་ལས་ཚོགས་བཅུ་བདུན་པ་རྫོགས་སོའི་མཐའ་ཅན། ལས་ཚོགས་བུའི་སྐོར་ལ་འཁོར་ལོའི་ཤོག་དྲིལ་བསྙེན་ཚད། གདོན་བརྟགས་ཐབས། སྔགས་ཆུ་སླང་ཀུ། ཆུ་དང་བྱེ་མ་སྲུང་བ། ནད་གདོན་པ། མི་མ་ཡིན་མནན་པ། མིང་མཐོང་འཁོར་ལོའི་ལས་སྦྱོར་གྱིས་བགེགས་