R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༤བ
[A:༣༤༤བ]འདུལ་བ། བདུད་བཞི་འདུལ་བ། གཟིར་བའི་ཤོག་དྲིལ། མནན་པར་བཅུག་པ། འཛིན་ན་བརྟགས་པ། ཆུང་སྲི་བསད་པ། ཆུང་སྲི་ལ་ཁང་གཞུག་ཅིང་སྲུང་བྱེད་པ། སྲིའུ་སྲུང་བ། གཤིན་པོ་འདྲེར་མི་ཡོང་བརྟགས་པ་བཅས། ཡང་མཁའ་འགྲོ་མས་བྱས་པ་བཤིགས་པའི་འཁོར་ལོ། ལམ་སྲུང་ལྕགས་གང་། སེར་སྲུང་བཀའ་རྒྱ་མ། ཐོད་ཕྱུར་གྱི་ཞལ་གདམས་སེར་བ་འོང་མི་འོང་བརྟགས་པ་བཅས། སེར་ལམ་བཅད་པ། ཐུན་ཟོར་གཏོར་མས་སེར་བ་དབབ་པ། ཀླུ་གནད་ལ་འབོར་ཞིང་དབབ་པ། སྦྱིན་སྲེག་ཐབ་གཞོབ་སེར་རྟས། དབྱུག་པ། གཏོར་མ། གློ་བུར་དྲག་ཤུལ། རྫས་རྒོད་ཐོད་སྐམ། ཐོད་གཤིར་གཅིར་བུ་གཡང་གཞི། གྲོད་པས་དབབ་པ་སྟེ་བཅུ་གཉིས་བཅས་བུ་ལ་ཡང་མི་སྦྱིན་གསུང་ངོའི་མཐའ་ཅན། བཻ་རོའི་ཞལ་ཁྲིད་རྒྱུད་དུ་གབ་པའི་སྔགས་ཀྱི་ཤམ་བུ་སྦྱོར་ཚུལ། མཛེ་དང་སྲེའུ་གསོ་བ་སོགས་ཞར་ལ་བསྟན་པ་ལྷ་སར་བསྒྱུར་བ། ཞལ་ཁྲིད་ཟབ་གནད། ཁྱད་པར་གྱི་ཟབ་གནད། ཁྱད་པར་གྱི་བསད་ཐབས། གྱིང་ལྔ་སྲོག་གཅོད་མན་ངག །རྒྱ་གསུམ་བཏབ་པའི་མན་ངག་