[A:༣༥༠ན]རྗེས་གནང་གཉིས། དང་པོ་དབང་གི་བཀའ་མ་ནུབ་པ་ནི། དཔལ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་དང་རྒྱ་གཞུང་ལུགས་གཉིས། ལྷ་བརྒྱད་མ། ལྷ་བཅུ་གཉིས་མ། ལྷ་བཅུ་བདུན་མ་སྟེ་བཀའ་བབས་བཞིའི་དབང་བཀའ་ཟབ་མོ་རྣམ་པར་དག་པ་ལྔ་སྐྱོ་མདའ་བ་འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་ཡིག་སྟེང་ནས་ཐོབ་པ་ལ། ཐོག་མར་ག་ཡ་དྷ་ར་ནས་བརྒྱུད་པའི་གྲི་གུག་ལྷ་ལྔ་སྙན་བརྒྱུད་ལུགས་ཀྱི་སིནྡྷཱུ་རའི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཁྱབ་བདག་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཡན་ལག་མེད་པའི་རྡོ་རྗེ། པདྨ་བཛྲ། ཨིནྡྲ་བྷཱུ་ཏི། ཕུན་ཚོགས་བདེ་བ། ནག་པོ་སྤྱོད་པ། བྲམ་ཟེ་དཔལ་འཛིན། པཎ་ཆེན་ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སེ་མཁར་ཆུ་བ་ཞེ་སྡང་རྡོ་རྗེ། ཞང་དགོན་པ་བ་ཆོས་འབར་རམ་རོལ་པའི་རྡོ་རྗེ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཤར་པ་ཤེས་རབ་འབྱུང་གནས། ཤར་པ་རྡོ་རྗེ་འོད་ཟེར། འཕགས་