R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༤༩བ
[A:༣༤༩བ]འདི་ལྟར་སྙན་བརྒྱུད་དང་པོ་ནི།
རྡོ་རྗེ་སློབ་དཔོན་ལ་བལྟོས་པའི་སྔོན་འགྲོའི་སྙན་བརྒྱུད།
དབང་དང་རྗེས་གནང་བྱིན་རླབས་ཀྱི་བཀའ་ཆུ་བོའི་རྒྱུན་མ་ནུབ་པར་བསྐུར་བ་ཐོབ་པའོ། །སྙན་བརྒྱུད་གཉིས་པ་
རྡོ་རྗེ་སློབ་དཔོན་ལ་བལྟོས་པའི་དངོས་གཞིའི་སྙན་བརྒྱུད།
མན་ངག་གསེར་འགྱུར་གྱི་རྩི་དང་འདྲ་བ་གདམས་པའི་སརྒ་མ་ལོག་པར་ཐོབ་པའོ། །སྙན་གསུམ་པ་
སྙན་བརྒྱུད་ཀྱི་རྒྱུད་ལ་སྙན་བརྒྱུད་ཀྱི་མིང་བཏགས།
རྡོ་རྗེ་སློབ་དཔོན་ཆེན་པོ་ལུས་དང་ལོངས་སྤྱོད་ཐམས་ཅད་ཀྱི་སྒོ་ནས་མཉེས་པར་བྱས་པ་ལས་སྙན་བརྒྱུད་ཀྱི་གདམས་པ་མ་ལུས་པ་ཐོབ་པར་འགྱུར་བ་སྟེ། རྗེ་ས་སྐྱ་པ་ཆེན་པོས་བླ་མ་མལ་ལོ་ཙཱ་བ་ལ་གསེར་སྲང་བཅུ་བདུན་དུས་གཅིག་ཏུ་ཕུལ་བས་གདམས་པ་མ་ལུས་པ་ཐོབ་པ་ལྟ་བུའོ། ། སྙན་བརྒྱུད་བཞི་པ་
སྙན་བརྒྱུད་ཀྱི་འབྲས་བུ་ལ་མིང་བཏགས།
མོས་གུས་གཞོན་ནུའི་བདེ་བ་ལྟ་བུ་ཤུགས་ལས་འབྱུང་བས་གོ་རིམ་མི་འདྲ་བར་སྣང་ནའང་འཆད་ཚུལ་གྱི་ཁྱད་པར་ཅུང་ཟད་ལས་དོན་གྱི་ཆ་ལ་ཁྱད་པར་མེད་པ་ཡིན་ལ། དེ་ལྟར་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་སྒོ་ནས་འཆད་དགོས་པ་ལས་ཐོག་མར་བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ་ལ་དབང་དང་