[A:༣༥༡ན]དབང་པོ། མཁན་ཆེན་རྡོ་རྗེ་འཆང་གཞན་ཕན་སྙིང་པོ། དྲིན་ཅན་བླ་མ་རྡོ་རྗེ་འཆང་ངག་དབང་བློ་གྲོས་རིན་ཆེན། དེས་བདག་ས་སྐྱ་པ་ཐེག་ཆེན་དཔལ་འབར་ལའོ། །
བཀའ་བབས་གཉིས་པ་མལ་ལོ་ནས་བརྒྱུད་པའི་གྲི་གུག་ལྷ་ལྔ། ལྷ་བརྒྱད། ལྷ་བཅུ་གཉིས་རྣམས་རྒྱ་གཞུང་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། སློབ་དཔོན་བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། ཤྲདྡྷཱ་ཀ་ར་ཝརྨ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། བཀྲ་ཤིས་ལུང་པ་ནམ་མཁའ་བསོད་ནམས། དགེ་ལྡིང་པ་ཆེན་པོ། སངས་རྒྱས་དཔལ་བ། རིན་ཆེན་གླིང་པ། དཀར་ཤོད་པ་རིན་ཆེན་རྡོ་རྗེ། ཐེག་ཆེན་ཀུན་དགའ་བཀྲ་ཤིས། རྫོང་ཆུང་པ་ཀུན་དགའ་རྒྱལ་མཚན། ནམ་མཁའ་ལྷུན་གྲུབ་བཟང་པོ། བྲག་ཐོག་དཔལ་འཛིན་བཟང་པོ། རྡོ་རྗེ་