R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༢བ
[A:༣༥༢བ]ཀུན་དགའ་ཟླ་བ། འདར་ཆེན་བློ་གྲོས་རྒྱལ་མཚན། མཁན་ཆེན་སེང་གེ་དཔལ། ཕ་རྒོད་ཆོས་ཀྱི་རྗེ། བྲག་ཐོག་བསོད་ནམས་བཟང་པོ། གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་མན་སྔར་དང་འདྲའོ།། །། གཉིས་པ་རྗེས་གནང་གི་བཀའ་མ་ནུབ་པའི་སྐོར་ལ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་ཡིག་སྟེང་ནས། ལམ་འབྲས་ལུགས་ཀྱི་མགོན་རྐྱང་གྱི་རྗེས་
(༡)
གནང་ལུང་བཅས་དང་། ངོར་ཆེན་དཀོན་ལྷུན་གྱིས་མཛད་པའི་སྒྲུབ་ཐབས་བརྒྱ་རྩའི་ཕྱོགས་བསྒྲིགས་ནང་བཞིན་རྗེས་གནང་གི་ཡི་གེ་སྒོ་རུམ་པས་མཛད་པའི་སྟེང་ནས་བ་རི་ལུགས་ཀྱི་མགོན་རྐྱང་གི་རྗེས་
(༢)
གནང་། རྗེ་བཙུན་སངས་རྒྱས་རིན་ཆེན་གྱི་ཡིག་སྟེང་ནས་ལོ་ཆེན་གྱི་བཞེད་པ་གཙོ་བོར་གྱུར་པའི་ལྕམ་དྲལ་གསུམ་སྦགས་ཏེ་སྒྲུབ་པའི་སྐུ་གསུང་ཐུགས་ཀྱི་རྗེས་
(༣)
གནང་། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ཡིག་སྟེང་ནས་གུར་ལྷ་བརྒྱད་ཐུན་མོང་བ་ཞལ་ངོ་ནང་བརྒྱུད་ཀྱི་རྗེས་
(༤)
གནང་། ཡར་ཀླུང་པའི་ཡི་གེ་ཚར་ཆེན་གྱིས་མཛད་པའི་ཕྲིན་ལས་མྱུར་མགྱོགས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་མཛད་པའི་གཅིག་ཤེས་ཀུན་གྲོལ་རྣམས་ཀྱི་སྟེང་ནས་