R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༣ན
[A:༣༥༣ན]ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་ཐུན་མོང་བའི་རྗེས་
(༥)
གནང་། ཡར་ཀླུང་པའི་ཡི་གེ་དང་། ཐར་པཎ་ནམ་མཁའ་དཔལ་བཟང་གིས་མཛད་པའི་ཡིག་སྟེང་ནས་མགོན་པོ་ལྷ་བཅུ་གཉིས་ཀྱི་ཐུན་མོང་བའི་རྗེས་
(༦)
གནང་། ཡར་ཀླུང་པའི་ཡི་གེ ཚར་ཆེན་ཡབ་སྲས་གཅིག་ཤེས་ཀུན་གྲོལ་རྣམས་ཀྱི་སྟེང་ནས་དུས་གཅིག་ལ་ཆིག་བརྒྱུད་ལས་མི་གནང་བའི་ལྷ་བརྒྱད་ཀྱི་ཐུན་མོང་མ་ཡིན་པའི་རྗེས་
(༧)
གནང་། འཇམ་དབྱངས་གྲགས་པས་མཛད་པའི་སྒྲུབ་ཐབས་བདུད་ལས་རྣམ་རྒྱལ་དང་། མཁྱེན་བརྩེའི་ཞབས་ཀྱིས་མཛད་པའི་ཐོ་ཡིག །དབང་རབ་ཀྱིས་མཛད་པའི་གཅིག་ཤེས་ཀུན་གྲོལ་རྣམས་ཀྱི་སྟེང་ནས་དུས་གཅིག་ལ་ཆིག་བརྒྱུད་ཁོ་ནར་གནང་བའི་མགོན་པོ་ལྷ་བཅུ་གཉིས་མའི་ཐུན་མོང་མ་ཡིན་པའི་རྗེས་
(༨)
གནང་། ཚར་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཐོ་ཡིག །པཎ་ཆེན་ངག་ཆོས་ཀྱིས་མཛད་པའི་ཡི་གེ རྡོ་རྗེ་འཆང་དབང་རབ་ཀྱིས་མཛད་པའི་གཅིག་ཤེས་ཀུན་གྲོལ། འཇམ་མགོན་ཨ་མེས་ཞབས་ཀྱིས་མཛད་པའི་ཡི་གེ་སོ་སོའི་སྟེང་ནས་མགོན་པོ་ཁྲོ་བཅུའི་རྗེས་སུ་
(༩)
གནང་བ་བཀའ་རྒྱ་ཤིན་ཏུ་