R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༨ན
[A:༣༥༨ན]གཉིས། དང་པོ་ནི། བདག་ཆེན་རྡོ་རྗེ་འཆང་གིས་ལྕམ་དྲལ་གྱི་ཆོས་སྐོར་གསན་པའི་ཡི་གེ་ཕལ་ཆེར་གླེགས་བམ་དུ་བསྒྲིགས་པར་མཛད་པ། དུས་རེ་ཞིག་ན་མྱང་སྟོད་རྒྱལ་རྩེ་ནས་ས་སྐྱར་སྤྱན་དྲངས་ཚེ། ཆོམ་པོས་ཁྱེར་བས་གློ་བུར་དུ་མེ་འབར་ཞིང་སྒྲ་ཆེན་པོ་དང་འཕར་བ་ལ་སོགས་པ་བྱུང་བས། དེ་ནས་བཟུང་སྟེ་བུ་ཡིག་རྣམས་ལའང་མེ་འབར་མར་གྲགས་པའི་ཆོས་སྡེ་འདི་ལ་ཕྱི་ནང་གསང་བ་ཐུན་མོང་ཡིན་པའི་སྐོར་དང་གསུམ། དང་པོ་ལ་ཡིད་ཆེས་བསྐྱེད་པ་ལོ་རྒྱུས། སྣོད་ལྡན་དུ་བསྒྲུབ་པ་རྗེས་གནང་། གང་ལས་བྱུང་བའི་གཞིའི་རྒྱུད། རྩ་བའི་སྒྲུབ་ཡིག །དེ་དག་ལ་མཁོ་བའི་ལས་ཚོགས་ལྷན་ཐབས་དང་ལྔ། དང་པོ་ལ་རྡོ་རྗེ་གདན་གྱི་ཀ་བ་ནས་རྒྱལ་རིགས་པདྨ་བཛྲ་ཞེས་བྱ་བས་སྤྱན་དྲངས་པའི་
(࿄)
(ཨེ)
(མུ)
(༡)
མགོན་པོ་འདི་ཉིད་གཏེར་ནས་བྱུང་བའི་ལོ་རྒྱུས། བཀའ་མའི་ལོ་རྒྱུས་ཞེས་པ་ཆོས་སྐྱོང་གི་བརྒྱུད་པའི་ལོ་རྒྱུས་ཐོ་ཙམ་
(࿄)
བླ་མའི་གསུང་བཞིན་རྒྱལ་ཚ་ལུང་མང་པོ་ཆོས་ཀྱི་དབང་ཕྱུག་གིས་ས་སྐྱ་དང་ཡར་ཀླུང་ཕྱོགས་སུ་བྲིས་