[A:༣༥༧བ]ཞེས་གསུངས་པ་ཤིན་ཏུ་སྙིང་ལ་བཅང་བའི་བསླབ་བྱར་སྣང་སྟེ། དེང་སང་གི་དུས་འདིར་ལ་ལ་དག་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་སྒོ་ནས་རྡོ་རྗེ་ཐེག་པའི་བསྟན་པ་དང་སེམས་ཅན་གྱི་ཁམས་ལ་ཕན་པ་བསྒྲུབ་པའི་བསམ་པ་དང་། བླ་མ་དང་ཆོས་ལ་ཅི་ཡང་མི་བསམ་པར། ཆོས་སྐྱོང་གཉན་པ་དང་གདམས་པ་ཟབ་པའི་གྲགས་པ་ཙམ་ལ་བརྟེན་ནས་ཆོས་ཅི་ཐོབ་ཏུ་བྱེད་ཀྱིན་ཡོད་པའི་སློབ་མ་ཆུ་ཤིང་གི་རྣམ་ཐར་འཆང་བའི་རིགས་ཅན་ལ་མི་སྨྲ་བའི་བརྟུལ་ཞུགས་འཆང་བའི་ཞལ་གདམས་སུ་གདའ་འོ། །
དེ་ལྟར་ཕྱི་ཁྲིད་ཡོངས་རྫོགས་དང་། ནང་འཁོར་ལོ་སེར་ཆུང་། དྲག་པོ་སྔགས་རྒོད། སྔགས་པ་ནང་རྒྱས། ཡང་གསང་ཐུན་མོང་མ་ཡིན་པའི་ཁྲིད་རྣམས་དང་། དབང་བཀའ་རྗེས་གནང་རྣམས་བདག་ཆེན་རྡོ་རྗེ་འཆང་གི་ཕྱག་བཞེས་ལྟར་ངོ་སྤྲོད་མཛུབ་ཚུགས་སུ་ལེགས་པར་ནོས་ནས།
༒ དེ་ནས་དེ་དག་གི་མཐའ་རྟེན་དུ་རྒྱབ་བརྟེན་ལུང་གི་སྐོར་ལ། རྩ་བའི་ཡི་གེ་བདག་ཆེན་རྡོ་རྗེ་འཆང་གིས་དཀར་ཆག་བསྒྲིགས་པར་མཛད་པའི་མགོན་པོད་མེད་འབར་མའི་སྐོར་དང་། དེར་མ་འདུས་པའི་ཡན་ལག་གི་སྐོར་དང་