R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༩ན
[A:༣༥༩ན]པོ་ལྕམ་དྲལ་གྱི་རྗེས་གནང་གི་ཆིང་
(࿄)
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་དུས་དང་མཐུན་པར་རྒྱས་བསྡུས་ཅི་རིགས་མཛད་ཀྱང་མང་དུ་མཛད་པར་བལྟས་ཤིང་དྲུང་གི་གསུང་ལས་ཟིན་བྲིས་སུ་ཡར་ཀླུང་པ་སྡོང་སྟོན་སེང་གེ་རྒྱལ་མཚན་གྱིས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པར་སུག་བྲིས་མཛད་པ། དེས་མཛད་པའི་མགོར། བླ་མ་དམ་པ་ལ་ཕྱག་འཚལ་ལོ། །དཔལ་ལྡན་མ་ཧཱ་ཀཱ་ལའི་རྗེས་གནང་གི་ཞེས་ཡོད་པའི་
(࿄)
རྗེས་གནང་གི་ཡི་གེ་འཆམས་སྐུ་མི་གཡོ་བར་གདའོའི་མཐའ་ཅན།
དངོས་གཞི་ལྕམ་དྲལ་གྱི་རྗེས་གནང་ཡོད་འདུག་ཅིང་དེང་སང་ལྷ་བརྒྱད་ཐུན་མོང་མ་ཡིན་པར་མཛད་པའི་ཕྱག་ལེན་དང་ཕྱོགས་མཐུན་པར་ཚོགས་སྒོམ་པ་ནས་བརྒྱུད་པའང་བྲིས་འདུག་གོ།
ལྕམ་དྲལ་གྱི་རྗེས་སུ་གནང་བའི་རིམ་པ་བླ་མ་རྣམས་ཀྱི་ཕྱག་ལེན་ཇི་ལྟར་མཛད་པ་བཞིན་དུ་
(࿄)
དབོན་ཤེས་རབ་བཟང་པོས་བསྐུལ་ནས་དམ་པ་ཀུན་གྲགས་ཀྱིས་ཏྲེ་སྟོད་འབོམ་དགོན་པར་ཡི་གེར་བཀོད་པ།
ངག་ཆོས་ལྷ་བརྒྱད་ཀྱི་རྗེས་གནང་གི་ཡི་གེར་ངོས་འཛིན་མཛད་པ་བདུན་དུ་བཀོད་བཀའ་བསྟོད་རྣམས་སམ་ཞེས་པ་ལ་དགོངས་པ་འདྲ།
མགོར་