R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༩བ
[A:༣༥༩བ]ཁྱེད་རྣམས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ནས། ཞེས་ཡོད་པའི་དཔལ་མགོན་ལྕམ་དྲལ་གྱི་རྗེས་གནང་གི་བརྗེད་བྱང་
(࿄)
(ཨེ)
བཙུན་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོས་མཛད་པ།
གསེར་པོད་ན་ལོ་རྒྱུས་འདྲ་མིན་དང་གོ་རིམ་ཅུང་ཟད་མི་འདྲ་བ་སྣང་བ་ཡིག་སྐྱོན་དུ་མངོན།
ཐུན་མོང་མ་ཡིན་པ་ལྷ་བརྒྱད་ཀྱི་རྗེས་གནང་བྱ་ཚུལ་རྒྱས་པ།
(࿄)
བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་ཕྱག་ལེན་མང་དུ་མཐོང་བ་ལ་གཞི་བྱས། ཞང་དང་བྲག་ཕུག་པའི་ཟིན་བྲིས་དང་། རྒྱལ་ཚ་ལུང་མང་པོའི་ཕྱག་ལེན་གྱིས་ཅུང་ཟད་བརྒྱན་ནས། བདག་ཅག་གི་བླ་མའི་གསུང་གི་རྗེས་སུ་གནང་ཞིང་བཀས་བསྐུལ་བ་དང་། བཤེས་གཉེན་གྲོགས་མཆོག་དམ་པས་ནན་གྱིས་བསྐུལ་ནས་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཀླུའི་དགོན་པ་བདེ་ཆེན་དུ་སུག་བྲིས་མཛད་པ་རྣམས་སོ། ། གསུམ་པ་གང་ལས་བྱུང་བའི་གཞིའི་
(༡)
རྒྱུད་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀྱིལ་འཁོར་འདུས་པའི་རྟོག་པའི་ལེའུ་བཅོ་ལྔ་པ་ལས་ཁོལ་དུ་
(࿄)
(ཨེ)
ཕྱུང་བ་པཎྜི་ཏ་ག་ཡ་དྷ་ར་དང་ལོ་ཙཱ་བ་འབྲོག་མིས་བསྒྱུར་བ་ལས་བྲིས་པ།
གླེགས་བམ་དུ་འདི་