R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༡བ
[A:༣༦༡བ]༈ གཉིས་པ་གངས་ཅན་གྱི་ལྗོངས་སུ་བྱོན་པའི་སྐྱེས་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་སྐོར་ལ། རྐྱང་སྒྲུབ་དང་། སྦགས་སྒྲུབ་གཉིས།
མ་ཧཱ་ཀཱ་ལས་བྲམ་ཟེ་ཆེན་པོར་གནང་བའི་སྒྲུབ་ཐབས་གསུམ་ཞེས་པར་ལུགས་ལ། ཕོ་རྐྱང་། མོ་རྐྱང་། སྦགས་སྒྲུབ་གསུམ་དུ་བཞེད།
དང་པོ་ལ། ཕོ་རྐྱང་དུ་སྒྲུབ་པ།
བཀའ་བསྟོད། ཚོགས་བདག །གཤིན་རྗེ། གནོད་སྦྱིན་ལྟར་སྒྲུབ་པ་བཞི་ཡོད་པ་ལྷ་ཡི་རྣམ་པ་མི་འདྲ་བ་བཞི་དང་། བདག་མདུན་སོགས་ཀྱི་སྒོ་ནས་དབྱེ་བ་རང་ལུགས་སུ་བཞེད་ཅིང་། རྫོང་ལུགས་པ་གཤིན་རྗེ་དང་གནོད་སྦྱིན་ལྟར་སྒྲུབ་པའི་ཡི་གེ་ལོགས་སུ་མ་མཐོང་གསུངས་ཀྱང་བྲག་སྟེང་པའི་སྒྲུབ་ལུགས་བཞིན་དང་། བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་མ། དམ་པའི་གཤིན་རྗེ་ལྟར་སྒྲུབ་པ་མ་གཟིགས་པའི་སྐྱོན་ནོ། །
མོ་རྐྱང་དུ་སྒྲུབ་པ། འཁོར་རྐྱང་དུ་སྒྲུབ་པ་དང་གསུམ། དང་པོ་ལ་མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་དྲལ་སྒྲུབ་ལུགས་འདི་ལ། ཞེས་ཡོད་པའི་ཕོ་རྐྱང་གི་སྒྲུབ་
(༡)
ཐབས་བོད་ཡིག །
(࿄)
(ཨེ)
(མུ)
སར་གྲགས་པ།
རྫོང་ཆུང་པས་དགྲ་དང་བགེགས་ལ་བྱ་བ་ཞེས་པ་ལས་མཛད་པ་པོ་ངོས་ཟིན།
མལ་ལོ་ཆེན་པོས་མཛད་པར་ཕྱིས་ས་ཆེན་གྱིས་ཞུས་དག་མ། དམ་ཚིག་སྲུང་བ་དང་འབད་པ་ཤིན་ཏུ་གལ་ཆེའོ། །ཕོ་རྐྱང་དུ་སྒྲུབ་པའོའི་མཐའ་ཅན།