R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༡ན
[A:༣༦༡ན]ཀྱིས་མཛད་པ་བ་རི་ལོ་ཙཱ་བས་བསྒྱུར་བ།
འདི་དང་ལོ་ཆེན་གྱིས་བསྒྱུར་བའི་སྒྲུབ་ཐབས་ཆུང་བ་དང་། ཀླུ་སྒྲུབ་ཀྱིས་མཛད་པའི་སྒྲུབ་ཐབས་གསུམ་བསྒྱུར་ཁྱད་ཙམ་མ་གཏོགས་དོན་གཅིག་ཅེས་བདག་ཆེན་རྡོ་རྗེ་འཆང་གིས་གསུངས། ཁ་སྐོང་པོ་ཏི་ནའང་བཞུགས་སོ། །
མགོར་ཤན་སྦྱར་ཡོད་པའི། དཔལ་ལྡན་མགོན་པོ་ནག་པོ་ཆེན་པོའི་སྒྲུབ་
(༦)
ཐབས་དྲེགས་པ་ཟིལ་གནོན་ཞེས་པ་
(࿄)
(རྒྱ)
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བསམ་ཡས་མཆིམས་ཕུར་མཛད་པ། རྒྱ་པདྨ་དབང་ཕྱུག་གིས་གཏེར་ནས་སྤྱན་དྲངས་པ་རྒྱལ་ཚ་ལུང་མང་པོ་ནས་བརྒྱུད་པ་མ་གཏོགས་རྗེ་བཙུན་གོང་མ་ནས་བརྒྱུད་པའི་བཀའ་གཏེར་གཉིས་མེད་དོ། ། བྲམ་ཟེ་ཆེན་པོས་མཛད་པའི་མགོན་པོ་ལྷ་ལྔའི་
(࿄)
(࿅)
(པྲ་)
དཀྱིལ་
(༡)
ཆོག་པཎྜི་ཏ་ག་ཡ་དྷ་ར་དང་འགོས་ལོ་ཙཱ་བས་བསྒྱུར་བ། མགོར་ཤན་སྦྱར་དང་། སློབ་དཔོན་སྐུ་ལ་རྡོ་བྱེད་དང་། ཞེས་ཡོད་པའི། དཔལ་རྡོ་རྗེ་ནག་པོ་ཆེན་པོ་སྲོག་གི་སྤུ་གྲིའི་སྒྲུབ་
(༧)
ཐབས་
(࿄)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་གྱོ་ལོ་ཙཱ་བ་བློ་གྲོས་གྲགས་ཀྱིས་བསྒྱུར་བ་རྣམས་སོ། །
བསྒྱུར་བྱང་ཙམ་མ་གཏོགས་གྱི་ལྗང་ནའང་ཡོད་དོ།།