R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༤ན
[A:༣༦༤ན]འགྲོ་མ་དབང་དུ་བྱ་བར་འདོད་ན། ཞེས་ཡོད་པའི། མོ་རྐྱང་གི་བསྙེན་
(༢)
སྒྲུབ་མཁའ་འགྲོ་
(࿄)
(ཨེ)
(མུ)
(࿅)
དབང་དུ་བྱ་བ་གོང་མས་མཛད་པ་ཁོའི་རྐྱེན་ཟློག་ཏུ་འགྲོ་བས་མི་འབུལ་གསུངས་པའི་མཐའ་ཅན།
རྡོ་རྗེ་གདན་པའི་ཕྱག་དཔེར། ཕྱོགས་སུ་མི་འདོད་ཟེར་བ་ཡན་ལས་མི་འདུག་ཅིང་། འདིའི་མཇུག་ན་ཡོད་པའི་མེའི་གདུང་པ་ཞེས་པ་གསེར་པོད་ན་ཆོས་ཚན་ལོགས་སུ་ངོས་བཟུང་ཡོད།
མགོར། ཤན་སྦྱར་དང་། དཔལ་ལྡན་ལྷ་མོ་ནག་མོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་ནག་མོ་སྒྲུབ་པར་འདོད་པས། ཞེས་ཡོད་པའི་ལྷ་མོ་དྲག་མོ་
(࿄)
(ཨེ)
(࿅)
ཕྱི་པ་མུ་སྟེགས་པ་ལྟར་
(༡)
སྒྲུབ་
འདི་ལ་དཀར་ཆག་ཏུ་ཕྱི་མ་མུ་སྟེགས་པ་ལྟར་སྒྲུབ་པ་ཞེས་གསུངས་པ་རྫོང་ཆུང་པས་ཕྱི་སྒྲུབ་དང་ནང་སྒྲུབ་ཀྱི་ཁྱད་པར་ཡིན་ཞེས་ཟུར་ཟ་དང་། གྱི་ལྗང་མ་གཏོགས་ལུགས་འདི་ལ་མེད་གསུངས་ཀྱང་། དམ་པ་ཀུན་དགའ་དཔལ་གྱི་སྒྲུབ་ཡིག་དང་། བླ་མ་གཟུངས་དཔལ་གྱིས་ཡར་ཀླུང་པ་སེང་གེ་རྒྱལ་མཚན་ལ་གནང་བའི་དྲིས་ལན་གྱིས་བརྗོད་དོན་མེ་འབར་དཀར་ཆག་དང་མཐུན་ཞིང་ལྷ་མོ་ལ་ཡང་བཀའ་བསྟོད་ཚོགས་བདག་ཕྱི་པ་ནང་པ་ལྟར་སྒྲུབ་པ་སྟེ་ལུགས་བཞི་དང་། ཕྱི་མ་གཉིས་ལ་སོ་སོར་འཇམ་རྩུབ་ཀྱི་སྒྲུབ་པ་