R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༤བ
[A:༣༦༤བ]
པ་དང་། ཡང་ནང་པ་ལ་འཇམ་པ་ཅུང་ཟད་འཇམ་པ་ཤིན་ཏུ་འཇམ་པའི་རྣམ་བཞག་ཀྱང་ཡོད་ཅིང་། ལྷ་མོ་བདག་སྐྱེད་དུ་བྱེད་པ་ལ་ལོ་ཀ་ཤྲཱི་ཡི་གེ་འདི་མ་གཏོགས་མེད་པས་ཚོགས་བདག་ལྟར་སྒྲུབ་པ་ཞལ་གྱིས་བཞེས་ཕྱིན་ནང་རང་ཚིག་དང་ཡང་འགལ་བར་མངོན། གོང་དཀར་བའི་གསན་ཡིག་ན་མུ་སྟེགས་པ་ལྟར་སྒྲུབ་པ་འདི་ལ་ལྷ་མོའི་སྒྲུབ་ཐབས་ཟེར་བ་ཙམ་ལས་མི་སྣང་ངོ་།།
རྒྱ་གར་གྱི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་སློབ་དཔོན་ལོ་ཀ་ཤྲཱིས་བསྒྱུར་བ་རྣམས་སོ། །
འདི་དུད་པོད་ནའང་ཡོད།
༈ གསུམ་པ་འཁོར་རྐྱང་དུ་སྒྲུབ་ནི། དཀར་ཆག་ཏུ། གཙོ་འཁོར་གྱི་ཁྱད་པར་ནི། འོག་ཏུ་འཆད་གསུངས་པའི་རྗེས་སུ་འབྲངས་ཏེ། གཉིས་པ་སྦགས་སྒྲུབ་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ལ་ཐུན་མོང་བ་ལྕམ་དྲལ་ལྟར་སྦགས་ཏེ་
(༡)
སྒྲུབ་པ། བླ་མའི་གསུང་ལས་ཇི་ལྟར་
(࿄)
(ཨེ)
(མུ)
(࿅)
བྱུང་བ་བཞིན་གཞན་གྱིས་གསོལ་བ་བཏབ་པའི་ངོར་དགེ་ཚུལ་རྡོ་རྗེ་འཛིན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཆུ་ཕོ་བྱི་ལོ་གདུ་བུའི་ཟླ་བ་ལ་བྱང་ངོས་སུ་སྦྱར་བ། དེས་རྒྱལ་བུ་ཇི་གན་གྱི་དོན་དུ་མཛད་པའི་
(࿄)
(མུ)
ལྕམ་དྲལ་གྱི་གཏོར་
(༡)
ཆོག
རྡོ་རྗེ་གདན་པའི་གསན་ཡིག་ན་ལྷ་གསུམ་མའི་བསྙེན་སྒྲུབ་ལས་གསུམ་ཞེས་པར་སྣང་།
གཉིས་པ་ཐུན་མོང་མ་ཡིན་པ་ལ། ལྷ་བརྒྱད་ཀྱི་བསྙེན་པ་བྱ་
(༡)
ཐབས་ཐུན་མོང་
(࿄)
(མུ)
(པྲ)
མ་ཡིན་པ་གསང་བའི་མན་ངག་མལ་ལོས་
རྫོང་ཆུང་