R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༦བ
[A:༣༦༦བ]འཚལ་ལོ། །སྤྱིར་འདི་ལ་གཉིས་ཏེ། འདི་ནི་མྱུང་བར་འདོད་པས་རྩུབ་དང་བསྡོས་ནས་
(༡༠)
ལས་ལ་སྦྱོར་བའོ། །
(࿄)
(མུ)
(࿅)
ཞེས་ཡོད་པའི། རྩུབ་ལུགས་སུ་སྒྲུབ་པ་བླ་མ་གོང་མས་མཛད་པ། དེས་མཛད་པའི་རྟེན་གྱི་དཀྱིལ་འཁོར་དང་བསྐྱེད་པ་རྟེན་གྱི་འཁོར་ལོ་མི་དགོས་
(༡༡)
པར་
(࿄)
(མུ)
(࿅)
བསད་པ་ལས་བུང་ལ་བརྟེན་ནས་ཤིན་ཏུ་རྩུབ་ལུགས་སུ་སྒྲུབ་པ། དེས་མཛད་པའི་མགོར། དཀྱིལ་འཁོར་ལ་མི་རྟོན་པའི་དུས་སུ་དཀྱིལ་འཁོར་ལ་བྱུག་པ་ཁྲག་དང་དུར་ཁྲོད་ཀྱི་སོལ་
(༡༢ )
བ། ཞེས་ཡོད་པའི་
(࿄)
(མུ)
དཀྱིལ་འཁོར་ལ་མི་རྟོན་པའི་ལུགས་དེས་མཛད་པ། མགོར། ཨོཾ་སྭ་སྟི། ནག་པོ་ཆེན་པོའི་མན་ངག་ནི། །མཎྜལ་ཟུར་དྲུག་འཁོར་ལོ་བྲི། ཞེས་ཡོད་པའི་
(࿄)
(མུ)
(࿅)
དཀྱིལ་འཁོར་ལ་བརྟེན་པའི་
(༡༣)
འཇམ་ཞིང་ཞི་བའི་ལུགས། ལྷ་བརྒྱད་ཐུན་མོང་མ་ཡིན་པའི་གཏོར་མཆོག་དྲུང་ཆོས་རྗེའི་ཕྱག་ལེན་ལ་གཙོ་བོར་བྱས་རྒྱལ་ཚ་ལུང་མང་པོ་
(࿄)
ཁུ་དབོན་གྱིས་མན་ངག་མ་སྦས་པར་ཤིང་ཕོ་སྟག་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བརྒྱད་ལ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ཆོས་གྲྭ་རྩེ་ཐང་དཔལ་གྱི་བདེ་ཆེན་དུ་ཡི་གེར་མཛད་པ་རྣམས་སོ། །