R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༦ན
[A:༣༦༦ན]པའི་མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱུན་དུ་བསྟན་པའི་ལས་ལ་ཞི་དྲག་ཕྱེད་མས་སྒྲུབ་
(༧)
པ་ནི།
(࿄)
(མུ)
ཞེས་ཡོད་པ། སྒྲུབ་ལུགས་འཇམ་པ་དང་འདྲའོའི་མཐའ་ཅན། མགོར་ཨོཾ་སྭ་སྟི་སིདྡྷཾ། བླ་མ་རྣམས་དང་ཡི་དམ་ལྷ། །ཞེས་ཡོད་པའི། ལྷ་བརྒྱད་སྦགས་
(༨)
སྒྲུབ་རྒྱས་པ་ས་པཎ་གྱི་
(࿄)
(ཨེ)
(མུ)
དངོས་སློབ་ཧོར་དམག་བཟློག་མཁན་དུ་དྲགས་པ་འོད་ལྡན་དཔལ་གྱིས་མཛད་པ། ཤིན་ཏུ་དག་པར་བྲིས་པ་ཡིན་པས་ཤེས་པར་བྱའོ།།
འདི་ལྟར་ཡིན་ཚུལ་བདག་ཆེན་གཞི་ཐོག་པ་ཀུན་དགའ་དབང་ཕྱུག་གསུངས་ལ། མུས་སྲད་པ་སོགས་ཀྱིས་དམ་པས་མཛད་པར་བཞེད་ཅིང་། གསེར་པོད་དུ་གཟུངས་བས་མཛད་ཟེར་བ་འདུག་ཀྱང་བླ་ཆེན་བསོད་བློའི་མན་ངག་ཚིགས་བཅད་ཀྱིས་མིན་པར་ཤེས་ནུས་སོ། །
ས་མཱཔྟ་མི་ཐིའི་མཐའ་ཅན། མགོར་ན་མོ་གུ་རུ། སངས་རྒྱས་བསྟན་པ་སྲུང་བའི་ཕྱིར། །དཔལ་ལྡན་བླ་མ་དམ་པ་ཞེས་ཡོད་པའི། ལྕམ་དྲལ་སྦགས་ཏེ་སྒྲུབ་
(༩)
པའི་ལག་ལེན་
(࿄)
དཔལ་ས་སྐྱ་པ་ལས་བརྒྱུད་པའི་མན་ངག་དམ་པའི་དབོན་པོ་ལྡན་མ་ཀུན་དགའ་དཔལ་གྱིས་མཛད་པ། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་