R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦བ
[A:༣༦བ]ཀུན་དགའ། པཎ་ཆེན་བདེ་བའི་རྡོ་རྗེ། བླ་མ་ལྷ་དབང་ཕྲིན་ལས། མཁས་བཙུན་ཚུལ་ཁྲིམས་བཀྲ་ཤིས། ཁྱབ་བདག་བཀའ་འགྱུར་བ་མན་འདྲའོ། ། ཡུམ་བཀའ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་རྒྱུ་དུས་ཀྱི་དབང་བསྐུར་བ་ཡོངས་སུ་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷཱུ་ཏཱི་པ། ག་ཡ་དྷ་ར། འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས། སེ་མཁར་ཆུང་བ། ཞང་དགོན་པ་བ། ས་སྐྱ་པ་ཆེན་པོ། ནེ་ཙོ་སྦལ་སྟོན། སློབ་དཔོན་གནམ་བྱེ་མ་ལུང་པ། བླ་མ་ཤེས་རབ་གྲགས་པ། གནམ་ཤེས་རབ་འཕགས་པ།
འཕགས་པ་ཆོས་ཀྱི་ཤེས་རབ་ཀྱང་བྱས་སྣང་།
གནམ་མངོན་པར་བྱང་ཆུབ་བརྩོན་འགྲུས། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། པཎྜི་ཏ་ཤེས་རབ་རྡོ་རྗེ། དེ་གཉིས་ལས་ཞང་དཀོན་མཆོག་དཔལ། ཆོས་རྗེ་བྲག་ཕུག་པ། དེ་ལས་བླ་མ་དམ་པ་དང་། རི་ཁྲོད་པ་གཉིས། དེ་གཉིས་ཀ་ལས་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལས་ཤར་ཆེན་ཡེ་རྒྱལ། གྲུབ་ཆེན་བུདྡྷ་ཤྲཱི་གཉིས། དེ་གཉིས་ལས་ངོར་ཆེན་ཀུན་དགའ་བཟང་པོ། དེ་ནས་རིམ་པར་མུས་ཆེན་