R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧ན
[A:༣༧ན]དཀོན་མཆོག་རྒྱལ་མཚན། བདག་ཆེན་བློ་གྲོས་རྒྱལ་མཚན། རྡོ་རིང་ཀུན་སྤངས་ཆེན་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། པཎ་ཆེན་ངག་དབང་ཆོས་གྲགས། འཇམ་མགོན་ཨ་མེས་ཞབས། འཇམ་དབྱངས་བསོད་ནམས་དབང་ཕྱུག ། སྔགས་འཆང་ཀུན་དགའ་བཀྲ་ཤིས། ཡབ་རྗེ་བསོད་ནམས་རིན་ཆེན། རྗེ་སེང་གེ་རྒྱལ་མཚན། ས་ཆེན་ཀུན་དགའ་བློ་གྲོས། མཁན་ཆེན་ནམ་མཁའ་འཆི་མེད། བྱམས་པ་ཀུན་དགའ་བསྟན་འཛིན། རིགས་ཀུན་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ། ངག་དབང་བསོད་ནམས་རྒྱལ་མཚན། ངག་དབང་བློ་གྲོས་སྙིང་པོ། རྡོ་རྗེ་འཆང་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། དེས་བདག་ཨཱ་ཡུ་བཛྲ་ལའོ། ། ལམ་དབང་གི་སྐབས་སུ་མཛད་པའི་ཡིག་བརྒྱའི་བཟླས་ལུང་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་གི་ཡིག་སྟེང་ནས་ཐོབ་པའི་བརྒྱུད་པ་ནི། ཐུན་མོང་མ་ཡིན་པ་ལྟར་ན་གོང་སྨོས་ཚོགས་སློབ་ཀྱི་བརྒྱུད་པ་གསུམ་པོ་སོ་སོ་དང་མཐུན་ལ། ཐུན་མོང་གི་བརྒྱུད་པའི་ཁྱད་པར་གཞན་ཨཥྚཱའི་བཟླས་