R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༦༩བ
[A:༣༦༩བ]གཉིས་རྡོ་རྗེ་བྲག་རྫོང་མའི་མན་ངག་གི་རྩ་བ་ལྟ་བུ་ཡིན་པས་རྗེས་འཇུག་ཕལ་ཆེར་གྱིས། མ་ངེས་པའི་བབ་ཅོལ་མང་པོ་སྨྲས་པར་སྣང་ངོ་། །ནག་པོ་ཆེན་པོ་ལྕམ་དྲལ་གྱི་མན་
(༡༠)
ངག་ཟབ་དོན་འཐོར་བུ་རྣམས་
(࿄)
བླ་མ་ཆེན་པོ་བསོད་ནམས་བློ་གྲོས་ཀྱིས་ཤིང་རྟ་ཁྲུམས་ཀྱི་ཟླ་བའི་ཉེར་གསུམ་ལ་བརྗེད་བྱང་དུ་མཛད་པ། མགོན་པོ་ཁྲོ་བཅུའི་སྲུང་
(༡༡)
འཁོར་
(࿄)
(ཨེ)
(མུ)
(࿅)
བླ་མ་རྗེ་བཙུན་ཆེན་པོའི་གསུང་བཞིན་དོ་པ་དཀར་སྟོན་ཤཱཀྱ་གྲགས་ཀྱིས་ཡི་གེར་བཀོད་པ། རང་སྲུང་འཁོར་ལོ་ཆེན་མོའི་འབྲི་
(༡༢)
ཡིག་རབ་གནས་དང་བཅས་པ་
(࿄)
(࿅)
བླ་མ་རྗེས་པ་གྲུམ་པར་བཞུགས་དུས་འདི་འདྲ་འདོགས་གསུངས་པར་བརྟེན་དབུས་ཐང་སྐྱར་དོ་པ་སྟོན་ཚུལ་གྱིས་ཞུས་པས་མ་གནང་། ཕྱིས་ས་སྐྱའི་གཟིམས་ཆུང་རྙིང་པར་ཀྱེ་རྡོར་གྱི་དབང་ཞིག་གི་དུས་གཙིགས་ཆེན་དུ་བྱས་ནས་གནང་བ། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་སྐྱོང་ལྕམ་དྲལ་གྱི་སྒྲུབ་པ་འདི་ལ་རྟེན་གྱི་དཀྱིལ་འཁོར་ཞེས་ཡོད་པའི་
(࿄)
(མུ)
དཀྱིལ་འཁོར་རྟེན་གྱི་འཁོར་ལོ་བཅང་བ། བསད་པ་ལས་དྲུག །ཕུར་བུ་དགོད་པ་དམ་རྫས། མཆོད་རྟེན་