R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༠ན
[A:༣༧༠ན]བསད་ཁུངས་བཤམ་པ། ཏིང་ངེ་འཛིན་སྔགས་ཀྱིས་བཟླ་ཐབས་ཏེ་མན་ངག་ཀུན་གྱིས་སྡོམ་དང་། མཁའ་འགྲོ་འཁུ་
(༡༣)
ལྡོག་སྤོང་བ་བཅས་གོང་མས་མཛད་པ།
རྫོང་ཆུང་བ་རྣམས་མཁའ་འགྲོ་སྦགས་སྒྲུབ་ཀྱི་ཡིག་རྙིང་ལ་ཆོས་ཚན་བཅུ་གཅིག་བཤད་པའི་གཅིག་ལ་འདི་འདྲེན་པར་སྣང་ཞིང་། མེས་གདུང་བ་འདི་ལ་ངོས་བཟུང་འདུག །
མགོར། ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་འདིའི་མན་ངག་ལ་མཁའ་འགྲོ་འཁུ་ལྡོག་སྤང་བ་ཞེས་ཡོད་པའི་སྦགས་སྒྲུབ་ལ་ཉེ་བར་མཁོ་བའི་གནད་དྲིལ་
(༡༤)
བ་
(࿄)
(ཨེ)
(མུ)
འོད་ལྡན་དཔལ་གྱིས་མཛད་པ།
གསེར་པོད་ན་གཟུངས་ཀྱི་དཔལ་བས་མཛད་ཅེས་གསུང་།
ཤིན་ཏུ་གསང་བར་བྱའོ། །ས་མཱ་པྟ་མི་ཐིའི་མཐའ་ཅན། དེས་མཛད་པའི་འབོད་རྦད་བསད་གསུམ་དྲིལ་བའི་མན་
(༡༥)
ངག་
(࿄)
ས་སྐྱ་པ་ཆེན་པོའི་ཞབས་ཀྱི་ཐུགས་ཀྱི་སྙིང་པོ་ས་མཱཔྟ་མི་ཐིའི་མཐའ་ཅན། མགོར། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། རྡོ་རྗེ་ནག་པོ་ཆེན་པོའི་འཛིན་
(༡༦)
གཏོར་ཞེས་ཡོད་པའི་
(࿄)
(མུ)
འཛིན་གཏོར་གྱི་མན་ངག་བླ་མ་ས་ཆེན་གྱིས་མཛད་པ་ཤིན་ཏུ་ཟབ་མོ་ས་མཱཔྟ་མི་ཐིའི་མཐའ་ཅན།
དཀར་ཆག་ན་གཉིས་ཡོད་གསུངས་ཀྱང་གཅིག་མ་རྙེད། མལ་ལོའི་དབོན་པོས་མཛད་ཟེར་བ་བྱུང་འདུག་རུང་དེ་ལྟར་མིན་ཚུལ་ཡར་ཀླུང་པས་གསུངས།