R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༢བ
[A:༣༧༢བ]བཟའི་བླ་དཔེ་དར་ཤོག་དམར་པོ་ལ་བཻ་ཌཱུརྻས་བྲིས་པ་ལས་ཞལ་བཤུས་པ་ལོ་བདུན་གྱི་བར་བཀའ་རྒྱས་བཏབ་པ། མཆོད་གཏོར་སྦྱིན་སྲེག་ལས་སྦྱོར་ཐུགས་འཛུགས་གཏོར་ཆེན་སོགས་དང་འབྲེལ་བའི་དྲང་སྲོང་གི་དམོད་པའི་ཚུལ་གྱི་དྲག་
(༣༦)
བསྐུལ་མཁས་པ་ཡོན་ཏན་ཁྲིས་
(࿄)
དད་ལྡན་སློབ་མ་འགའ་ཞིག་གི་དོན་དུ་གྲུབ་ཐོབ་བཱིརྱ་ཙནྡྲའི་གནས་སུ་སྦྱར་བ། མགོར། བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །གསང་བ་མཁའ་འགྲོ་འཁུ་ལྡོག་སྤང་ཕྱིར་ཞེས་ཡོད་པའི་
(࿄)
མན་
(༣༧)
ངག་གོང་མས་མཛད་པ་ཞག་གསུམ་ཚུན་ཆད་ཀྱི་ཆུད་ནས་འོང་གསུངས་པའི་མཐའ་ཅན། དེས་མཛད་པའི་མགོར། མ་ཧཱ་ཀཱ་ལའི་བཟླས་པའི་ལུགས་ལ། ཞེས་ཡོད་པའི་
(࿄)
ཟབ་གཏད་ཀྱི་ཡིག་ཆུང་
(༣༨)
གནད་ལ་དབབ་པ་ཡིན་གསུངས་ནས་རྩིགས་ཆེའོའི་མཐའ་ཅན། དེས་མཛད་པའི་བསད་ཐབས་བདུན་སྦྲེལ་མར་བྱེད་པའི་རྒྱུ་
(༣༩)
མཚན་
(࿄)
རི་དྭགས་འཕྲང་ལ་དགུག་པ་བཞིན་ནོའི་མཐའ་ཅན།
རྫོང་ཆུང་བས་གླེགས་བམ་དུ་སྦགས་སྒྲུབ་ཡིན་མིན་ནི་དཀྱིལ་འཁོར་ལ་མ་བསྟན་པས་གཤམ་དུ་བྲིས་པ་ལ་ཟུར་ངོས་མ་བཟུང་།
དེས་མཛད་པའི་ཕྱག་སྒོ་ནས་ལྷ་