R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༣ན
[A:༣༧༣ན]དང་བྲལ་བའི་གདམས་
(༤༠)
པ་
(࿄)
སྲུང་མ་རྣམས་ཀྱིས་མི་ཐུབ་པ་ཡིན་ནོའི་མཐའ་ཅན།
རྫོང་ཆུང་པའི་གླེགས་བམ་ན་ཡིག་སྣ་ཐོར་བུ་གསུམ་ཞེས་པའི་ལྷ་དང་དགྲ་བོ་ཚོགས་བསྒྲལ་བའི་གཤམ་དུ་བྲི་ཞེས་པ་དེ་ཟུར་དུ་ཡོད།
མགོར་ཤན་སྦྱར་དང་། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །མི་བསད་མཚོན་ནམ་སེང་ལྡེང་ལ། ཞེས་ཡོད་པའི་མགོན་པོ་ཕུར་བུ་ལྟར་སྒྲུབ་
(༤༡)
པའི་རྒྱ་གཞུང་
(࿄)
བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་མལ་ལོ་བློ་གྲོས་གྲགས་ཀྱིས་བསྒྱུར་བ།
སྒྱུར་བྱེད་མི་གཅིག་པ་མ་གཏོགས་གྱི་ལྗང་ནའང་ཡོད།
དེས་མཛད་པའི་ནག་པོ་ཆེན་པོའི་སྲོག་ཕུར་གནད་བསྐུལ།
(࿄)
དང་བཅས་པ།
འདི་དཀར་ཆག་དང་གསན་ཡིག་ཐམས་ཅད་ན་མི་གསལ་ན་ཡང་ཡིག་རྙིང་ཁུངས་བཙུན་མང་པོར་འདུག་པས་གོང་གི་ཁོངས་སུ་འདུའམ་སྙམ། མེ་འབར་གླེགས་བམ་ལ་མི་འདུག་པ་དཔྱད། གྱི་ལྗང་པོ་ཏི་ནའང་སྐད་ཤན་སྦྱར་སོགས་ཅུང་ཟད་མ་གཏོགས་ཞུ་དག་ཕེར་བ་ཡོད།
ས་ཆེན་གྱིས་མཛད་པའི་དཔལ་ནག་པོ་ཆེན་པོའི་ཕུར་བུའི་སྒྲུབ་
(༤༢)
ཐབས་
(࿄)
བླ་མའི་གསུང་བཞིན་བྲིས་པ་ས་མཱཔྟ་བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་ཡིན་ནོའི་མཐའ་ཅན།
འདི་གྱི་ལྗང་པོ་ཏི་ནའང་ཡོད། རྫོང་ཆུང་པས་ཁུངས་བཙུན་