R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༧ན
[A:༣༧༧ན]པའི་དབོན་བསོད་ནམས་ལེགས་གྲུབ་ལ་རྣལ་འབྱོར་དབང་ཕྱུག་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་ལག་ཁྲིད་དུ་བསྟན་པའི་དུས་ཡི་གེར་གསལ་པོར་བྲིས་ཞེས་བསྐུལ་བ་ལ་བརྟེན་ནས་རྫོགས་
(༤)
རིམ་ཞལ་ཤེས་དང་བཅས་པ་སྙན་དུ་བརྒྱུད་པའི་
(࿄)
(࿅)
བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་ཆུ་ཕོ་ཁྱི་ལོ་ཧོར་ཟླ་དང་པོར་དཔལ་སྣེའུ་གདོང་རྩེའི་གཙུག་ལག་ཁང་དུ་མཛད་པ་རྣམས་སོ། །
ཚར་ཆེན་རིན་པོ་ཆེས་མེ་འབར་མའི་དཀར་ཆག་སྙིང་པོ་གནད་སྒྲོན་ན། ནང་སྒྲུབ་ལ་ནི་ཡི་གེ་ལྔ། ཞེས་གསུངས་པ། མེ་འབར་མའི་གླེགས་བམ་དཀར་ཆག་དང་བཅས་པར། ཡིག་སྣ་བཞི་མ་གཏོགས་མི་འདུག་པ་བརྟགས་ན་ཡིག་སྣ་དང་པོའི་གསལ་བྱེད་ལྟ་བུར་
སྤུ་
གྲི་སོ་འདེབས་ཞེས་པ་དམ་པས་མཛད་པ་ཞིག་གསན་ཡིག་རྣམས་ལས། ཡང་སྐོང་གླེགས་བམ་གྱི་གྲངས་སུ་འདྲེན་པ་དེ་ཡིན་ཚུལ་སྔོན་གྱི་ཟིན་བྲིས་ཞིག་ན་འདུག་དཔྱོད་ཅིག །
༈ རྩ་བའི་གསུམ་པ་གསང་བ་ཐུན་མོང་མ་ཡིན་པ་ཟབ་པའི་གནད་ཀྱི་མན་ངག་གི་སྐོར་ལ། ཚར་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པའི་དཀར་ཆག་སྙིང་པོ་གནད་སྒྲོན་ལས། གསང་བ་ཐུན་མོང་མ་ཡིན་པའི། །ཡི་གེ་གསེར་གྱི་རི་བོའི་གྲངས།
གསང་བའི་ཡིག་སྣ་བདུན་པོ་