R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༧བ
[A:༣༧༧བ]
ཡང་སྐོང་གི་པོ་ཏིའི་དབུ་ན་བཞུགས། ལུང་རྒྱུན་ཡང་བཞུགས།
ཞེས་ཡིག་སྣ་བརྒྱ་དང་ལྔ་བཅུའི་གྲངས་སུ་འདྲེན་རྒྱུའི་བདུན་གྱི་གཏོར་མའི་ཞལ་གདམས་གཉིས་གཅིག་ཏུ་བརྩིས་ཤིང་དེ་མིན་དྲུག་ལས་དཀར་ཆག་ཡོངས་གྲགས་ལྟར་དང་། གཞན་གསང་བ་ཡང་ཏིག་སེམས་ཀྱི་གནད་ལ་བརྟེན་ནས་བྲན་བཞིན་བཀོལ་བའི་མན་ངག་སོགས་ལྔ་བཅུ་ཀུན་ལ་མ་གྲགས་པའི་སྙིང་ནང་གི་ཁྲག་ལྟ་བུ་ཡིན་པས་སྙན་བརྒྱུད་གླེགས་བམ་གྱི་གྲངས་སུ་བཞུགས་པར་འོས་པའི་དགོངས་པ་ལྟར་ན། ཆོས་ཚན་བརྒྱ་དང་བཞི་བཅུ་ཞེ་གཉིས་དང་། བདུན་པོ་འདིར་བསྡོམས་པས་ཡིག་སྣ་བརྒྱ་དང་བཞི་བཅུ་རྩ་དགུར་འགྱུར་བ་དང་། དེའི་སྟེང་དུ་གླེགས་བམ་གྱི་དཀར་ཆག་ཡིད་བཞིན་ནོར་བུ་རིན་པོ་ཆེའི་བང་མཛོད་ཀྱི་སྒོ་འབྱེད་གསལ་བའི་ཡིད་འཕྲོག་བདག་ཆེན་རྡོ་རྗེ་འཆང་གིས་མཛད་པ་བགྲངས་པས། ཚར་གྱིས། དྲིལ་བས་མགོན་པོ་མེ་འབར་མར། །གྲགས་པའི་དཀར་ཆག་ནང་བཞུགས་པའི། །ཡིག་སྣ་བརྒྱ་དང་བཞི་བཅུ་དགུ། དཀར་ཆག་ཉིད་དང་ལྔ་བཅུ་རུ། །ངེས་སོ་སྐལ་ལྡན་སྙིང་ལ་ཆོངས། །ཞེས་གསུངས་པའི་དོན་དེ་ལྟར་དུ་ངེས་ཀྱང་གཅིག་མ་ཚང་བ་ནི། གཏོར་མའི་ཡི་གེ་གཉིས་སོ་སོར་བགྲང་