R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧བ
[A:༣༧བ]ལུང་སྐབས་ཀྱི་རྫོང་ལུགས་བརྒྱུད་པ་དང་གཅིག་གོ ། གསང་དབང་གི་ལམ་གྱི་སྔོན་འགྲོ་རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་སིནྡྷཱུ་རའི་དཀྱིལ་འཁོར་ལ་བརྟེན་པའི་བྱིན་རླབས་མཁན་ཆེན་ངག་ཆོས་དང་རྗེ་མཁྱེན་བརྩེའི་ཡིག་སྟེང་ནས་བླ་མ་དམ་པའི་ཕྱག་བཞེས་ཀྱིས་བརྒྱན་ཏེ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། འཕགས་པ་རིན་པོ་ཆེ་ཡན་ལམ་འབྲས་རྩ་བའི་བརྒྱུད་པ་ལྟར་ལ། དེ་ནས་ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་དགའ་བསོད་ནམས། གྲུབ་ཆེན་ཀུན་དགའ་བློ་གྲོས། བླ་མ་དམ་པ། དཔལ་ལྡན་ཚུལ་ཁྲིམས། བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། དེ་ལས་བདག་ཆེན་དང་། ཡང་བླ་མ་དམ་པ་ནས། བླ་ཆེན་ཀུན་དགའ་རྒྱལ་མཚན། ཡབ་རྗེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན། རྡོ་རིང་། ཚར་ཆེན། མཁྱེན་བརྩེ། བསླབ་གསུམ་རྒྱལ་མཚན། དབང་རབ། བསོད་ནམས་མཆོག་ལྡན། མཆོག་གྲུབ། ངག་ལྷུན། རྨོར་ཆེན། གནས་གསར། ཀུན་བློ། ཀུན་དགའ་མཁས་གྲུབ་དབང་པོ། བྱམས་པ་ཀུན་དགའ་བསྟན་འཛིན། བྱམས་པ་ཀུན་དགའ་བསྟན་པའི་རྒྱལ་མཚན། ངག་