R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༧༩བ
[A:༣༧༩བ]བའི་སྤྱོད་ཡུལ་དུ་མ་གྱུར་པའི་སྙིང་གི་ཟུངས་ཁྲག་ལྟ་བུའི་སྙན་བརྒྱུད་པོ་ཏིའི་སྐོར། བླ་མ་གྱི་ལྗང་ལོ་ཙཱ་བ་ནས་བརྒྱུད་པའི་གྱི་ལྗང་པོ་ཏིའི་སྐོར། འདོད་ཁམས་དབང་ཕྱུག་ཁྲག་འཐུང་དུད་པའི་སོལ་བ་ཅན་གྱི་སྐོར་དང་བཞི། དང་པོ་རྗེས་འཇུག་མཁས་གྲུབ་རྣམས་ཀྱི་ཡི་གེ་ཐུན་མོང་བ་མེ་འབར་མར་མ་འཁོད་པའི་ཁ་སྐོང་པོ་ཏི་ལ། ཐོག་མར་རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་མན་ངག་ཟབ་བསྡུས་གསལ་བྱེད་ཁ་སྐོང་རྣམས་ཀྱི་དཀར་ཆག་ཟབ་དོན་གསལ་བའི་སྒྲོན་མེ། དེ་ལས་བྱུང་བའི་ཆོས་སྐོར་ལ། པཎ་ཆེན་ག་ཡ་དྷ་ནས་བླ་ཆེན་འབྲོག་མིར་བརྒྱུད་
(༡)
པ། བླ་མ་ཞང་དགོན་པ་བ་ལས་ས་ཆེན་གྱིས་གསན་པ། བ་རི་ལོ་ཙཱ་བ་ལས་རྗེ་བཙུན་བརྩེ་བ་ཆེན་པོས་གསན་
(༢)
པ། ཁ་ཆེ་པཎ་ཆེན་གྱིས་ཆོས་རྗེས་པཎྜི་ཏ་ལ་གནང་
(༣)
བ། བླ་མ་མལ་ལོ་ཙཱ་བ་ནས་བརྒྱུད་
(༤)
པ་དང་བཞི། དང་པོ་ལ། མགོར། བླ་མ་དང་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། རྗེ་བཙུན་ག་ཡ་དྷ་ནས་བརྒྱུད་པའི་རྗེས་གནང་བྱ་ཚུལ་ནི། ཞེས་ཡོད་པའི་
(࿄)
(སཏྭ)
རྗེས་གནང་གི་ཟིན་བྲིས་ཡིག་ཆུང་དམ་ཚིག་པ་བསྐྱེད་པའི་ཚེ་ས་བོན་ལས་བསྐྱེད་པ་ནི་གང་བྱས་ཀྱང་འདྲའོའི་མཐའ་ཅན།