R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༡བ
[A:༣༨༡བ]
ཡིག་བཅས་སྣང་།
གོང་ལུགས། ངོར་ལུགས། དྲུང་བཙུན་པ་ནས་བརྒྱུད་པ། འཐོར་བུའི་སྐོར་དང་བཅུ་གསུམ། དང་པོ་ལ། མགོར། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །མགོན་པོ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། ཞེས་ཡོད་པའི་ལོ་རྒྱུས་ཤིན་ཏུ་རྒྱས་པ་
(࿄)
དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། མགོན་པོའི་བྱུང་ཚུལ་ཅི་རིགས་པ་བསྟན་ནོའི་མཐའ་ཅན། དེས་མཛད་པའི་མགོར། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དཔལ་ལྷ་མོ་འདོད་ཁམས་ཀྱི་དབང་ཕྱུག་མ་ཇི་ལྟར་བྱུང་བའི་ལོ་རྒྱུས་ནི། ཞེས་ཡོད་པའི་
(࿄)
ལོ་རྒྱུས་རྒྱས་པ་སྐྱེ་རྒྱུད་ཇི་ལྟར་བྱུང་བའི་ལོ་རྒྱུས་རྫོགས་སོའི་མཐའ་ཅན། དེས་མཛད་པའི་མགོར། རྗེ་བཙུན་དམ་པ་ལྷ་དང་བཅས་པ་དང་། བསྟན་པ་སྲུང་མཛད་རྣམས་ལ་གུས་བཏུད་ནས། །ཞེས་ཡོད་པའི་
(࿄)
ལས་མགོན་པུ་ཏྲ་མིང་སྲིང་གི་ལོ་རྒྱུས་རྗེ་བཙུན་རིན་པོ་ཆེ་ལ་གནང་ངོའི་མཐའ་ཅན།
རྫོང་ཆུང་བ་མགོན་པོ་གཏེར་མའི་ལོ་རྒྱུས་དེ་དམ་པས་མཛད་པའི་ལས་མགོན་གྱི་ལོ་རྒྱུས་སུ་ངོས་བཟུང་ནས་འདིར་མ་བཀོད་དོ། །
འདིའི་འཕྲོས་ལས་འདི་འཕགས་པ་ཀླུ་སྒྲུབ་ཀྱིས་དྲག་སྔགས་ཞེས་སོགས་སྔོན་བྱུང་གི་ལོ་རྒྱུས་སོའི་མཐའ་ཅན།
འདི་དཀར་ཆག་ན་མི་