R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༢ན
[A:༣༨༢ན]
གསལ།
མགོར། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །དེ་ནི་ཡང་དག་བཤད་བྱ་བ། །བཅོམ་ལྡན་ཉིད་ཀྱི་སྐུ་གསུང་ཐུགས། །ཞེས་ཡོད་པའི་
(࿄)
འཇིགས་བྱེད་ཀྱིས་སྡེ་བརྒྱད་ཀྱི་སྲོག་སྙིང་བླངས་ཚུལ་སོགས་གཤིན་རྗེ་ལྟར་སྒྲུབ་པའི་ལོ་རྒྱུས་ཀྱི་རྟོགས་པ་དཔལ་ས་སྐྱ་པའི་ཁྱད་པར་གྱི་གདམས་པ་ནག་པོ་ཆེན་པོའི་གཏམ་རྒྱུད་ཅེས་བྱ་བའི་ཡིག་ཆུང་རྣམས་སོ། ། ༈ གཉིས་པ་རྗེས་གནང་ལ། མགོར། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཐོག་མར་བདག་གི་རྣལ་འབྱོར་དང་། ཞེས་ཡོད་པའི་
(མུ)
མགོན་པོ་ལྷ་བཅུ་གཉིས་མའི་རྗེས་གནང་གི་ཡི་གེ་རྫོགས་སོའི་མཐའ་ཅན་སྤྲོ་ལུང་པ་ཀུན་དགའ་སྨོན་ལམ་གྱི་མཛད་པ།
འདི་དཀར་ཆག་དང་གསན་ཡིག་རྣམས་སུ་ལྷ་བཅུ་གཉིས་པ་འདི་བཞིན་འཁོད་ཀྱང་གཞུང་གིས་དངོས་བསྟན་ནི་ལྕམ་དྲལ་དུ་སྣང་ངོ་། །
མགོན་པོ་ལྕམ་དྲལ་གྱི་རྗེས་གནང་ངམ་བཀའ་བསྒོའི་ཡི་གེ
(མུ)
ནག་པོ་འགྲོ་ཤེས་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གིས་བསྐུལ་