R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༣བ
[A:༣༨༣བ]ཡོད་པའི། དཔལ་ལྷ་མོ་ནག་མོ་
(ཁ ¿རུ)
ཆེན་མོའི་མཚན་བརྒྱ་རྩ་བརྒྱད་པའི་བསྟོད་པ་རྫོགས་བྱང་གི་མཐའ་ཅན། མགོར་སྐད་ཤན་སྦྱར་ཡོད་པའི། དཔལ་ལྷ་མོ་ཤན་པ་ནག་མོའི་རྒྱུད་ཅེས་བྱ་བ།
(࿄)
ལེའུ་བཅུ་བདུན་མ་ཨོ་རྒྱན་གྱི་མཁན་པོ་པདྨ་སམྦྷ་ཝ་དང་། ལོ་ཙཱ་བ་ཙཎྜ་ཀུ་མཱ་རས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཐུགས་དམ་དུ་མཆིམས་ཕུ་བྲག་དགེ་འུར་བསྒྱུར་བ། མགོར་སྐད་ཤན་སྦྱར་ཡོད་པའི་མ་མོ་སྲོག་གི་འཁོར་ལོའི་རྒྱུད་
(མུ a)
གནོད་སྦྱིན་ཕོ་མོའི་སྟོན་པའི་མན་ངག་ལེའུ་ཉི་ཤུ་པ་རྣམས་སོ།།
འདི་རྫོང་ཆུང་པའི་དཀར་ཆག་ཏུ་གྱི་ལྗང་པོ་ཏིར་འདུག་ལ། འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ནའང་འདི་ལྟར་སྣང་བས་བརྒྱུད་པ་གཅིག་པར་དགོངས་པ་འདྲ།
༈ ལྔ་པ་སྒྲུབ་ཐབས་ལ། མགོར། བླ་མ་དམ་པའི་ཞབས་ལ་སྤྱི་བོས་ཕྱག་འཚལ་ལོ། །སྤྱིར་བྲམ་ཟེ་མཆོག་སྲེད་ཀྱི་མགོན་པོ་ལྕམ་དྲལ་སྒྲུབ་པའི་ལུགས་འདི་ལ། ཞེས་ཡོད་པའི་མགོན་པོ་ཕོ་རྐྱང་གི་སྒྲུབ་ཐབས་
(࿄)
(ཨེ)
ཤོག་སྔོན་ཅན་དུ་གྲགས་པའི་ཡིག་རྙིང་གཞན་དུ་བསྟན་ན་དམྱལ་བར་ལྷུང་ཞེས་པའི་མཐའ་ཅན།
གསེར་པོད་ན་གཉན་ཕུལ་བྱུང་བ་པུཎྱེ་བཛྲ་གྱིས་མཛད་ཟེར་བ་འདུག །
མགོར། བླ་མ་དམ་པ་རྣམས་དང་