R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༤ན
[A:༣༨༤ན]ལྷག་པའི་ལྷ་ལ་ཕྱག་འཚལ་ལོ། །རྣལ་འབྱོར་པ་ལྷག་པའི་ལྷ་ལ་བསྙེན་པ་སྔོན་དུ་སོང་བའི་གང་ཟག་གིས། ཞེས་ཡོད་པའི་མགོན་པོ་ཕོ་རྐྱང་བཀའ་སྡོད་ལྟར་བསྒྲུབ་པའི་ཡི་གེ་
(࿄)
(མུ)
ས་པཎྜི་ཏ་ཁུ་དབོན་གྱི་ཞབས་རྡུལ་སྤྱི་བོས་ལེན་པའི་བཀའ་འབངས་ཀྱི་ཐ་མར་གྱུར་པ་དམ་པ་ཀུན་དགའ་གྲགས་ཀྱིས་བསྒྱུར་བ། དེས་མཛད་པའི་མགོར། བླ་མ་དང་ནི་ཀྱེ་རྡོ་རྗེ། །བཀའ་སྲུང་ནག་པོ་ཆེན་པོ་དང་། །ཞེས་ཡོད་པའི་མོ་རྐྱང་གི་སྒྲུབ་ཐབས་སམ་དཔལ་ལྡན་ལྷ་མོའི་སྒྲུབ་ཐབས་
(࿄)
(མུ)
མདོར་བསྡུས་པ་བླ་མ་དམ་པའི་མན་ངག་གིས་བརྒྱན་ཅིང་རང་གི་ཉམས་སུ་བླང་བའི་ལག་ལེན་གྱི་རིམ་པ། དེས་མཛད་པའི་མགོར། ལས་ཀྱི་མགོན་པོ་ཟངས་གྲི་ཅན་གྱི་སྒྲུབ་པའི་ཐབས་བླ་མའི་གསུང་བཞིན་འབྲི་བར་བྱའོ། །ཞེས་ཡོད་པའི་
(࿄)
(མུ)
བེར་ནག་ཟངས་གྲི་ཅན་གྱི་སྒྲུབ་ཐབས་རྗེ་ས་སྐྱ་པའི་སྙན་བརྒྱུད་ཀྱི་ཟབ་
རྫོང་ཆུང་བའི་བེའུ་འབུམ་ན་འདིའི་མགོར་པུ་ཏྲའི་བསྟོད་པ་དང་མི་འདྲ་བའི་ལས་རྣམས་ཀུན་བྱེད་མ་ཞེས་པ་ཞིག་བྲིས་འདུག །
ཆོས་རྣམས་སོ། ། དྲུག་པ་བསྐང་བ་ལ། དཔལ་ནག་པོ་ཆེན་པོའི་ཐུགས་དམ་མདོས་ཀྱིས་བསྐང་ཞིང་མི་མཐུན་ཕྱོགས་བཟློག་པའི་
(࿄)
(མུ)