R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༦བ
[A:༣༨༦བ]དུད་སོལ་མའི་བསྐང་གསོ། དེས་ཐོབ་རྒྱལ་གྱི་རྫོང་རིར་རྫོང་མི་རྒྱག་པ་དང་། དམག་སྒར་མི་བཅའ་བའི་རྡོ་རྗེ་ཆོས་སྐྱོང་རྣམས་ལ་
(࿄)
(སྒོ)
བཀའ་བསྒོས་པའི་ཡི་གེ་ནག་པོ་ཆེན་པོའི་གཏོར་མདོས་ཀྱི་བསྐང་གསོ་
རྫོང་ཆུང་པའི་གླེགས་བམ་ལ་མེད་ཀྱང་བརྒྱུད་པ་གཅིག་པས་མུ་རྟགས་ཐོབ།
(མུ)
རྒྱས་བསྡུས་འཚམས་ཤིང་ལག་ལེན་བདེ་བར་བཙུན་པ་འཇམ་དབྱངས་གྲགས་པའི་དཔལ་གྱིས་མཛད་པ་རྣམས་སོ། ། ༈ བདུན་པ་བསྟོད་འབུམ་ལ། བྲམ་ཟེ་བློ་ལྡན་མཆོག་སྲེད་ཀྱིས་ནག་པོ་ཆེན་པོ་རྟགས་ཀྱི་སྒོ་ནས་བསྟོད་པ་དཔལ་ལྡན་མགོན་པོ་མ་
(࿄)
(མུ)
པཎྜི་ཏ་ཤྲདྡྷཱ་ཀ་ར་ཝརྨ་དང་། གུ་རུ་བ་ཡོན་ཏན་ཤྲཱི་ལས་གུ་གེ་ཐོ་ལིང་དུ་བསྒྱུར་བ།
འདི་གྱི་ལྗང་གླེགས་བམ་དུ་མེད་ཀྱང་དོན་གྱིས་ཐོབ་པ་འཇམ་དབྱངས་མཁྱེན་བརྩེའི་གསན་ཡིག་ན་གསལ།
ཡང་དེས་ནག་པོ་ཆེན་པོ་ཞལ་གཟིགས་དུས་མཛད་པའི་བསྟོད་པའི་
(࿄)
མུ་ཕྲེང་བ་ཉི་མའི་དཀྱིལ་འཁོར་མ་པཎྜི་ཏ་ལ་ལི་ཏ་བཛྲ་དང་ལོ་ཙཱ་བ་གྱི་ལྗང་དབུ་དཀར་གྱིས་བསྒྱུར་བ།
གྱི་ལྗང་པོ་ཏི་དང་བསྟོད་འབུམ་ན་ཞབས་བཏགས་མར་ཡང་ཡོད།
སློབ་དཔོན་བྷ་ཝི་ལྷས་མཛད་པའི་བསྟོད་པ་ཕྲེང་བ་
(࿄)
ལས་རྣམས་