R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༦ན
[A:༣༨༦ན]
མུ་རྟགས་འཐོབ།
བསྐུལ་བ་པོ་དང་མཛད་པ་གོང་ལྟར་གྱི་
(࿄)
(མུ)
མ་ཧཱ་ཀཱ་ལའི་མདོས་ཀྱི་གཤོམ་ཡིག །གསང་རྒྱུད་ཐུགས་རྒྱུད་ཤན་པ་ནག་མོའི་རྒྱུད་ལ་བརྟེན་ནས་
(࿄)
དཔལ་ལྡན་ལྷ་མོའི་གསང་མདོས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ།
འདི་གཉིས་བཀའ་མ་ཡིན་ནམ་སྙམ་མཐའ་མ་ཆོད།
མགོན་པོའི་མངའ་གསོལ་གཏོར་ཆེན་རུ་མཚོན་འཛུགས་པ་རྣམས་ལ་ཉེ་བར་མཁོ་བའི་ཆོ་ག །
(࿄)
མཐུ་སྟོབས་གཏེར་མཛོད་མེ་ཁྱིའི་ལོ་ས་ག་ཟླ་བ་བདག་ཆེན་གྲགས་པ་བློ་གྲོས་ཀྱིས་མཛད་པ། བདག་ཆེན་རྡོ་རྗེ་འཆང་གིས་མགོན་པོའི་སྐོང་བ་རྙིང་པ་རྣམས་ལས་ཟུར་དུ་ཕྱུང་ནས་རྒྱས་བསྡུས་འཚམས་པར་བསྒྲིགས་པའི་
(࿄)
(སྒོ)
གཏོར་སྐོང་དད་པ་དམ་ཚིགས་མ། གཉིས་མེད་བདེ་ཆེན་རོལ་པར་ཤོག་གི་མཐའ་ཅན། དེའི་ཡབ་འཇམ་དབྱངས་ཆོས་རྗེའི་ཕྱག་ལེན་བཞིན་
(࿄)
(སྒོ)
ཁའུ་བྲག་རྫོང་དུ་སྦྱར་བའི་བླ་མ་སྤྱན་ཆེན་པོའི་མདོས་སྐོང་གི་གསལ་བྱེད། དེ་ཉིད་ལ་དཔལ་ལྡན་ལྷ་མོའི་ཞལ་གཟིགས་ནས་འདི་ལྟར་རྩོམས་ཞེས་ལུང་བསྟན་པ་ལྟར་མཛད་པའི་
(࿄)
(སྒོ)