R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༨བ
[A:༣༨༨བ]གནོད་སྦྱིན་ནག་པོ་མ། དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པའི་
(࿄)
(མུ)
བསྟོད་སྐོང་ཞེ་སྡང་མེ་འབར་མ།
རྫོང་པའི་དཀར་ཆག་ན་འདི་མལ་གྱི་མངོན་རྟོགས་ནས་འབྱུང་བའི་སྤྲུལ་པ་རུ་འདྲེན་གྱི་བསྐུལ་ཞེས་དང་། ས་སྐྱའི་ཕྱག་དཔེར་དམ་པའི་ཤོག་དྲིལ་བཅུའི་དང་པོ་གཤོམ་སྒོས་བཏབ་རྒྱུ་ངོས་བཟུང་བ་འདྲ་ཞིག་འདུག་པ་ཡིག་སྐྱོན་ཡིན་ནམ་སོམ་ཉིར་སྣང་ངོ་།།
ཐུན་མོང་གི་འཁོར་བརྒྱད་བརྒྱད་དྲུག་ཅུ་རྩ་བཞིའི་བསྐུལ་
(࿄)
(མུ)
བཅོམ་ལྡན་མི་བསྐྱོད་དཔལ་ཆེན་མ། ཕྱོགས་སྐྱོང་སྤྲུལ་པ་དང་བཅས་པའི་བསྐུལ་
(࿄)
(མུ )
བཅོམ་ལྡན་དཔལ་ཆེན་ཧེ་རུ་ཀ་མ། སྤྲུལ་པའི་ཕོ་ཉ་ལྔ་གཎྜི་ཁྲོ་བོ་དང་བཅས་པའི་བསྐུལ་
(࿄)
(མུ)
དཔལ་ལྡན་མ་ཧཱ་ཀཱ་ལ་མ། རུ་འདྲེན་སྡེ་བཞིའི་ཟོར་བསྐུལ་
(མུ)
(࿄)
མགོན་པོའི་སྤྲུལ་པ་མ་སྟེ་ཆོས་སྡེ་བཞི་པོ་དཀྱུས་གཅིག་ཏུ་བཞུགས་པ་དམ་པ་ཀུན་དགའ་གྲགས་ཀྱིས་མཛད་པ། ཇོ་ནང་ལོ་ཙཱ་བ་བློ་གྲོས་དཔལ་གྱིས་མཛད་པའི་མགོན་པོའི་བསྟོད་བསྐུལ་ཕྲིན་ལས་ལེགས་སྒྲུབ་མ་རྣམས་སོ། ། ༈ དགུ་པ་རྫོང་ལུགས་ལ།
འདིའི་ཆོས་ཚན་ཕྱི་མ་གསུམ་པོ་རྫོང་ཆུང་གླེགས་བམ་དུ་མེད་ཀྱང་བརྒྱུད་པ་གཅིག་པའི་མུ་རྟགས་