R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༨༩ན
[A:༣༨༩ན]
བཀོད་པ་ཡིན།
ནག་པོ་ཆེན་པོའི་ཆོས་སྐྱོང་གི་དཀར་ཆག་
(མུ)
རྫོང་ཆུང་པ་བྱམས་པ་རྡོ་རྗེ་རྒྱལ་མཚན་གྱིས་ཆུ་སྤྲུལ་རྒྱལ་ཟླའི་ཚེས་བཅུ་གཉིས་ལ་ས་སྐྱའི་ཞེ་དགོན་དུ་བྲིས་པ། དེས་སྟག་ཚང་ལོ་ཙཱ་བ་མཉྫུ་ཤྲཱིའི་གསུང་བཞིན་ས་སྐྱར་བྲིས་པའི་
(མུ)
གྱི་ལྗང་ལུགས་ཀྱི་ཆོས་སྐོར་གྱི་དཀར་ཆག །དེས་མཛད་པའི་རྒྱུད་གསུམ་མན་ངག་དང་བཅས་པའི་གསལ་བྱེད་ལེའུ་གཉིས་པ་བསྐང་གསོ་རྒྱས་འབྲིང་བསྡུས་གསུམ་གྱི་ཐེམས་ཡིག་
(མུ)
ཁོལ་དུ་ཕྱུང་བ། བསྐང་གསོ་ནག་པོ་མཆོད་རྟེན་གྱི་ས་བཅད་
(མུ)
སྔགས་འཆང་གཟུངས་པའི་སློབ་མ་བོ་དོང་དགེ་ལེགས་བཟང་པོས་མཛད་པ་རྣམས་སོ།། །། ༈ བཅུ་པ་གོང་དཀར་བའི་ལུགས་ལ། རོང་པ་རྒྭ་ལོའི་དབོན་བརྒྱུད་བླ་མ་དཔལ་ལྡན་གྲགས་པ་ལ་བླ་དྭགས་སུ་ཆོས་རྗེ་བླ་མ་དམ་པས་ངག་དབང་གྲགས་པར་འབོད་ཅིང་། ཕྱིས་གསང་ཕུ་བྲག་ནག་ཏུ་བཞུགས་པས་བྲག་ནག་པ་ངག་དབང་གྲགས་པར་འབོད་པ་དེས་མཛད་པའི་དཔལ་ལྡན་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་རྣམ་གཉིས་ཀྱི་མངོན་རྟོགས་མཆོད་བསྟོད་བཟླས་