[A:༣༨༩བ]པ་རྗེས་གནང་བསྐུལ་སོགས་ཚང་མ་སྒྲུབ་ཐབས་ཆེན་མོའི་མཇུག་ཏུ། ཇི་སྐད་དུ། ངག་དབང་གྲགས་པས་མཛད་པ་གཞིར་བཞག་ལ། བརྒྱུད་པའི་ཕྱག་ལེན་རིམ་དང་ལུང་ཡོད་པའི། །རིགས་རྣམས་ཞབས་སུ་བཏགས་པའི་བསྟོད་འབུམ་འདི། །རྡོ་རྗེ་གདན་དུ་བཀོད་ནས་རྣལ་འབྱོར་ལ། །བརྩོན་རྣམས་དགའ་ཕྱིར་འདུ་བཀོད་བགྱིས་ཏེ་སྤེལ། ཞེས་པ་ལྟར། བསྟོད་པ་རྣམས་མཇུག་ཏུ་བཏགས་པས་གཉིས་ཀ་འབྲེལ་བར་བསྟོད་འབུམ་ཞབས་བཏགས་མར་གྲགས་པ་ལ། བྲག་ནག་པ་རང་གིས་མཛད་པའི་མཆོད་གཏོར་
(བྲག་)
(࿅)
སྒྲུབ་བསྟོད་ཕྱག་ལེན་རྒྱུན་ཆགས་གཅིག་ཏུ་བསྡུས་པ་བདུད་རྩིའི་དཔལ་འབྱུང་། འདིའི་ནང་དུར་ཁྲོད་ནག་པོའི་རྒྱུད་ལས་བྱུང་བའི་མགོན་པོའི་བསྟོད་པ་
(མུ)
འདས་དང་མ་འོངས་པ། བྲམ་ཟེ་ཆེན་པོས་མཛད་པའི་བསྟོད་པ་
(མུ)
མ་སྐྱེས་མཁའ་ཀློང་མ། རྒྱུད་ལས་ཕྱུང་བར་གྲགས་པའི་དཔལ་ལྡན།
(མུ)
མགོན་པོ་མི་ཡི་དམ་ཚིག་ཅན་གྱི་དགྲ་ལྷ་ནག་པོ་ཆེ་ཡིན། དུས་གསུམ་རྒྱལ་བའི་སྤྱན་སྔ་མ་
(མུ)
རྣམས་རྫོང་ལུགས་བསྟོད་འབུམ་ན་ཡང་ཡོད།
བསྟོད་འབུམ་ལ། དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་བཤགས་པ་ (࿅)
ཚིགས་བཅད་མ། བླ་མ་རྣམས་དང་ཞེས་ཡོད་པ། མལ་ལོས་མཛད་པའི་བསྐང་གསོ་ (࿅)
མཐའ་