R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༡ན
[A:༣༩༡ན]པར་བྱའོའི་མཐའ་ཅན་རྣམས་སོ། ། ༈ བཅུ་གཅིག་པ་ངོར་ལུགས་ལ་
ས་བཅད་འདི་སྐོར་གསེར་པོད་ན་མེད་ཀྱང་། བརྒྱུད་པ་གཅིག་པས་ཨེ་རྟགས་བཀོད་པའོ། །
དངུལ་ཆུ་ཆོས་རྫོང་གི་བླ་མ་འཕགས་པའི་དོན་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་མཛད་པའི་
(ཨེ)
དཀར་ཆག །དེས་མཛད་པའི་གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་།
(ཨེ)
ཐུན་མོང་མ་ཡིན་པ། དེས་མཛད་པའི་མགོན་པོ་ཆེ་ཆུང་གི་གཏོར་མའི་ཆོ་ག་ལས་དགྲ་ལས་རྣམ་རྒྱལ་
(ཨེ)
དེས་མཛད་པའི་བསྟོད་པ་
(ཨེ)
བདུད་ལས་རྣམ་རྒྱལ་ལེའུ་ལྔ་པ། དེས་མཛད་པའི་གཏོར་མ་ལ་བརྟེན་ནས་སྒྲུབ་པའི་གདམས་པ་
(ཨེ)
གསུལ་ལས་རྣམ་རྒྱལ། དེས་མཛད་པའི་གུར་མགོན་གྱི་བསྐང་བའི་ཆོ་ག་
(ཨེ)
ཧེ་རུ་ཀ་དཔལ་ཞེས་པའི་ཤོ་ལོ་ཀ་གཅིག་མགོར་ཡོད་པའི་དཔལ་ལྡན་མགོན་པོ་མ། བསྟོད་ཚོགས་དངོས་གྲུབ་རྒྱ་མཚོའི་ལག་ལེན་
(ཨེ)
རྒྱལ་ཚབ་ཀུན་དགའ་དབང་ཕྱུག་གིས་ཨེ་ཝྃ་ཆོས་ལྡན་དུ་བྲིས་པ་དགེ་བར་གྱུར་ཅིག་གི་མཐའ་ཅན། དེས་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གསུང་བཞིན་བརྗེས་ཐོར་བཏབ་པའི་
(ཨེ)
མགོན་པོ་གདོང་བཞི་པའི་ཐུགས་དམ་བསྐང་བའི་ལག་ལེན།