R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༡བ
[A:༣༩༡བ]མགོར། ཨོཾ་སྭ་སྟི་སིདྡྷི། དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །ནག་པོ་ཆེན་པོའི་སྲུང་འཁོར་བསྒོམ་པར་འདོད་པས་ཞེས་ཡོད་པའི་
(ཨེ)
མགོན་པོ་ཁྲོ་བཅུའི་སྲུང་འཁོར་མཁས་གྲུབ་གུ་རུས་
(གུང་རུའི་)
ཟིན་བྲིས་ཀུན་མཁྱེན་རྒྱལ་བའི་གོ་འཕང་ཐོབ་པར་ཤོག་གི་མཐའ་ཅན། མགོར། བླ་མ་དང་ལྷག་པའི་ལྷ་དབྱེར་མ་མཆིས་པ་ཀྱེ་རྡོ་རྗེའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །རྒྱལ་བའི་བསྟན་པ་སྲུང་བ་དང་། །ཞེས་ཡོད་པའི་
(ཨེ)
གཏོར་སྒྲུབ་ངོར་ལུགས་ཀྱི་ཟིན་བྲིས་གསལ་བའི་སྒྲོན་མེ་རཏྣ་ཀཱིརྟིས་སྦྱར་བ་དེའི་ཞོར་ལ་བསྟོད་པ་དང་དབྱངས་ཀྱི་ཁུངས་བསྟན་པ་སྟོབས་འཕྲོག་གཞོམ་པའི་མན་ངག་ཅེས་པ་
(ཨེ)
གཡུལ་ལས་རྣམ་རྒྱལ་གྱི་ཞལ་ཤེས་ཟབ་མོ་རྣམས་སོ།།
འདི་དཀར་ཆག་ན་མི་གསལ་ཀྱང་ཟིན་བྲིས་ཀྱི་ཁྲོད་དུ་དོན་གྱིས་ཚང་བ་ཡིན་ནོ་སྙམ།
༈ བཅུ་གཉིས་པ་དྲུང་བཙུན་པ་ལས་བརྒྱུད་པ་ལ། མཁའ་འགྲོ་སྦགས་སྒྲུབ་ལ་འཇམ་པ་དང་རྩུབ་པར་སྒྲུབ་པ་གཉིས་ལས། དང་པོ་འཇམ་པར་སྒྲུབ་པའི་ནང་སྒྲུབ་ཞི་བའི་ཁྲིད་ཡིག་བྲག་རྫོང་མ་ནས་ཅུང་ཟད་བསྣན་པ་
(࿄)
(ཡར)
དགེ་སློང་རྡོ་རྗེ་འཛིན་པ་སངས་རྒྱས་རིན་ཆེན་གྱིས་