R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༢བ
[A:༣༩༢བ]བའི་
(࿄)
(ཡར)
མན་ངག་རྣམས་དུས་ཀྱི་ཐོ་རངས་བྱའོའི་མཐའ་ཅན། མགོར། འཁོར་རྐྱང་གི་རྗེས་གནང་བྱ་ཚུལ་ནི། སྔོན་འགྲོ་མཆོད་གཏོར་བཤམ་པ་ཞེས་ཡོད་པའི་
(࿄)
(ཡར)
(སྒོ)
པུ་ཏྲ་མིང་སྲིང་གི་རྗེས་གནང་རྟེན་བཞུགས་གཤེགས་གསོལ་བསྲུང་བ་རྣམས་བྱའོའི་མཐའ་ཅན་རྣམས་སོ། ། ༈ བཅུ་གསུམ་པ་ཐོར་བུའི་སྐོར་ལ། བོ་དོང་པཎ་ཆེན་གྱིས་མཛད་པའི་བསྐང་གསོ་རིན་ཆེན་འབར་བ། ཡང་དེ་མཛད་པའི་བསྟོད་པ་དང་། བཀའ་སྡོད་དང་། ཚོགས་བདག་ལྟར་སྒྲུབ་པ་གསུམ། དེས་མཛད་པའི་མགོན་པོ་མངོན་པར་འབྱུང་བའི་རྒྱུད་ནས་བཤད་པའི་མགོན་པོ་ཕྱག་བཅུ་དྲུག་པ། བཅུ་གཉིས་པ། བརྒྱད་པ། དྲུག་པ། བཞི་པ། གཉིས་པ་སྟེ་མགོན་པོ་རིགས་དྲུག་གི་མངོན་རྟོགས། མགོན་པོ་རིགས་དྲུག་གི་རྗེས་གནང་། དཔལ་ལྡན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གསུང་གི་རིམ་པའོའི་མཐའ་ཅན། སྟག་ཚང་ལོ་ཙཱ་བས་མཛད་པའི་ཆོས་སྐྱོང་སྤྱི་ལ་བསྟོད་ཅིང་བསྐང་བཤགས་སུ་གསོལ་བ་རྡོ་རྗེ་འཆང་དབང་མ། དེས་མཛད་པའི་གུར་གི་