R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༣ན
[A:༣༩༣ན]མགོན་པོའི་བསྟོད་པ་བདུད་ཀྱི་སྟོབས་འཇོམས། དེས་མཛད་པའི་ཞལ་གྱི་བསྟོད་པ་དཔལ་ལྡན་མགོན་པོ་མ། དེས་མཛད་པའི་ལས་མགོན་གྱི་བསྟོད་པ་དཔལ་ཆེན་བཀའ་སྡོད་མ་རྣམས་ལེགས་པར་ཐོབ་བོ། ། ༒ རྩ་བའི་གཉིས་པ་མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་སྤྱོད་ཡུལ་དུ་མ་གྱུར་པ་སྙིང་ཁྲག་གི་ཟུངས་ལྟ་བུའི་སྙན་བརྒྱུད་པོ་ཏིའི་སྐོར་ལ། རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་རྡོ་རྗེ་ནག་པོ་ཆེན་པོའི་སྙན་བརྒྱུད་ཡི་གེར་བཀོད་པའི་དཀར་ཆག་སྙིང་གི་བདུད་རྩིའི་ཟིལ་དངར། དེ་ལས་བྱུང་བ་ལ། གོང་མའི་གསུང་སྒྲོས་ཀྱི་ཡི་གེ །
(༡)
སྒ་ཨ་ཉན་དམ་པས་མཛད་པའི་ཡི་གེ །
(༢)
བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་གསུང་
(༣)
སྒྲོས། བདག་ཆེན་རྡོ་རྗེ་འཆང་གི་གསུང་། རྗེ་བཙུན་རྡོ་རིངས་པ་ཆེན་པོས་མཛད་པའི་ཡི་གེ །
(༥)
རྡོ་རྗེ་འཆང་ཚར་པ་ཆོས་རྗེས་མཛད་པའི་ཡི་གེ །དཀར་ཆག་ཏུ་མ་འཁོད་པའི་ཡི་གེ །
(༧)
དེ་དག་ཀུན་ལ་ཐོན་མོང་དུ་ཉེ་བར་མཁོ་བའི་སྐོར་དང་བརྒྱད། དང་པོ་ལ། མགོར། ཨོཾ་སྭ་སྟི། དྷ་མ་སང་ཀྲི་མ་