R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༤བ
[A:༣༩༤བ]འབུམ་ཕྲག་གསུམ་བཟླས་ན་འདི་ཐམས་ཅད་འགྲུབ་པ་ཡིན་གསུངས་པའི་མཐའ་ཅན།
མཚམས་འདིར་དཀར་ཆག་ན་ཞོན་པ་ཅན་གྱི་མིང་སྲིང་གསུམ་གྱི་དྲག་སྒྲུབ་ཅེས་གསུངས་པ། གསན་ཡིག་སྔ་མ་རྣམས་སུ་མི་གསལ་བ་ལུང་རྒྱུན་ཆད་པ་གང་ཡིན་བརྟགས།
མགོར་སྐད་ཤན་སྦྱར་ཡོད་པའི་མུ་སྟེགས་ངན་སྔགས་རྐྱལ་འབུད་ཅེས་པ་མོན་ཆུང་པུ་ཏྲའི་རྐྱལ་འབུད་ཀྱི་རྩ་བའི་ཡི་གེ་གཉལ་པ་རོང་ལིང་ལོ་ཙཱ་བས་བལ་ཡུལ་དུ་བྲམ་ཟེ་ཧ་ར་རི་མ་ལ་གསེར་སྲང་གསུམ་
དཔེ་ན་གཅིག་ཅེས་སྣང་།
ཕུལ་ནས་ཞུས་པ།
འདི་གསང་བའི་ལས་མཁན་པུ་ཏྲ་དང་ཐ་དད་ཡིན་པས་བསྲེ་བར་མི་བྱ་ཞེས་སྙན་བརྒྱུད་རོལ་མཚོ་དང་། ལྷག་བསམ་རབ་དཀར་གྱི་དྲིས་ལན་སོགས་སུ་སྣང་ངོ་།།
མགོར། མོན་ཆུང་པུ་ཏྲའི་རྐྱལ་འབུད་ཐུན་མོང་མ་ཡིན་པ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། ཐེབས་ལྡོག་བརྩི་མི་དགོས་ཞེས་ཡོད་པའི་དེའི་ལག་ལེན་གྱིས་ཡི་གེ་རྣལ་འབྱོར་སྨྱོན་པའི་མཚོན་ཆར་གནང་བའི་མཐའ་ཅན། མགོར། ཨོཾ་སྭ་སྟི། མོན་ཆུང་འབུད་ལ་གསུམ་སྟེ་ཞེས་ཡོད་པའི་རྐྱལ་འབུད་ཀྱི་ཞལ་གདམས་ཡི་གེ་གནས་དབེན་པར་མིས་མི་མཐོང་བར་བྱའོའི་མཐའ་ཅན། མགོར། ན་མོ་མ་ཧཱ་ཀཱ་ལ། མུ་སྟེགས་ཤྲཱི་རལ་པ་ཅན་གྱི་རྐྱལ་འབུད་འདི་བྱུང་