R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༤ན
[A:༣༩༤ན]མགོར། ལྷ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །དེའི་སྒྲུབ་པ་ལ་བཞི་སྟེ། ཞེས་ཡོད་པའི་ལྷ་མོ་ཕྱི་པ།
རྔོག་ལོའི་ལྷ་མོ་ཕྱི་སྒྲུབ་རྒྱ་གཞུང་གི་འགྲེལ་པ་ལག་ལེན་མ་དང་ཞུ་དག་ཕེར་ཞེས་ཚར་ཆེན་ཆོས་ཀྱི་རྒྱལ་པོས་གསུངས་སོ། །
མུ་སྟེགས་པ་ལྟར་སྒྲུབ་པའི་རྒྱ་གཞུང་གསལ་བྱེད་ཀྱི་ཡིག་ཆུང་ཡིད་བཞིན་ནོར་བུ་ཞེས་བྱ་བ་ལོ་ཙ་བ་རིན་ཆེན་བཟང་པོ་ལ་གདམས་པ། མགོར། དཔལ་མགོན་པོ་ཞེས་བྱ་བའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བླ་མ་ལ་གུས་སྙིང་རྗེར་ལྡན། ཞེས་ཡོད་པའི་ཡེ་ཤེས་ཀྱི་མགོན་པོ་དང་། ལས་ཀྱི་མགོན་པོ་བེར་ནག་ཟངས་གྲི་ཅན་སྦགས་མའི་གསང་སྒྲུབ་ཀྱི་ཡིག་རྙིང་རྫོགས་སོའི་མཐའ་ཅན། ལས་མགོན་གྱི་ཡུམ་འཇིགས་བྱེད་ཁྲག་འཐུང་མ་རྣམ་སྤྲུལ་གྱི་གཎྜི་ལ་བརྟེན་ནས་སྒྲུབ་པ་དང་། ལས་ཀྱི་མགོན་པོ་གསོད་བྱེད་གདུག་པའི་གྲི་གུག་ཅན་ཙན་དན་གྱི་བིང་དང་མཚོན་ཆ་གྲི་གུག་འབར་བ་ལ་བརྟེན་ནས་སྒྲུབ་པ། འཁོར་ལོ་དང་ལས་སྦྱོར་ལ་བརྟེན་ནས་དགྲ་བོ་མྱུར་དུ་སྒྲོལ་བའི་ཐབས་བལ་པོ་ཕམ་མཐིང་པ་ནས་མལ་ལོ་ལ་བརྒྱུད་པའི་ཡི་གེ་