R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༨ན
[A:༣༩༨ན]དཔལ་མ་ཧཱ་ཀཱ་ལ་ལ་ན་མོ། འདི་གཏོར་མའི་བསད་ལས་རབ་དུར་ཁྲོད་ཀྱི་རྡུལ་ཚོན་ཞེས་ཡོད་པའི། ཤིན་ཏུ་དྲག་པོའི་གཏོར་ཆེན་གྱི་ཡིག་ཆུང་གདམས་པ་ཟབ་མོ་ས་མཱཔྟ་མི་ཐིའི་མཐའ་ཅན། དེ་ལྟར་གཏོར་སྒྲུབ་བྱས་ནས། ཞེས་ཡོད་པའི། གཏོར་མའི་སྒོ་ནས་དགྲ་བགེགས་ཀྱི་སྟོབས་འཕྲོག་གཞོམ་པའི་ཞལ་ཤེས་བསད་གནན་གཉིས་ཀ་ཚང་མ་ཕྱི་མིག་མི་ལྟ་བར་འོང་བར་བྱའོའི་མཐའ་ཅན།
མཚམས་འདིར་དཀར་ཆག་དང་གཞུང་ན་དཔལ་འབར་གྱི་པྲ་བརྟགས་པའི་ཡི་གེ །ཞེས་འདུག་པ་གསན་ཡིག་ཚོར་ཆད་དམ་ལུང་རྒྱུན་ཆད་པ་གང་ཡིན་བརྟགས།
༧མདུན་གང་འཕགས་པའི་སྲུང་འཁོར་གྱི་ཡི་གེ །
(མུ)
བླ་མའི་ཞལ་ནས་ཐོས་པ་ཉིད་དོའི་མཐའ་ཅན། ཞར་བྱུང་ཡུལ་ཕྱོགས་ཙམ་དུ་ཡང་ནད་རིམས་མི་འབྱུང་བའི་སྲུང་བ་དང་།
(མུ)
རྫོང་པོད་ན་འདི་མ་གཏོགས་ཞར་བྱུང་གཞན་གཉིས་པོ་མེད།
སེར་བ་སྲུང་བ་མྱོང་གྲུབ་མ་ཡིན་ནོའི་མཐའ་ཅན།
ཞར་བྱུང་གསུམ་པོ་འདི་གང་གི་ཁོངས་སུ་བགྲང་བ་ལས་དཀར་ཆག་ན་མི་གསལ།
༧མགོར། ཡུལ་ཕྱོགས་ཀྱི་ནད་རིམས་སྲུང་བའམ་གཅོད་པ།
འདི་དཀར་ཆག་ན་མི་གསལ།
ཞེས་ཡོད་པའི། མདུན་གང་འཕགས་པའི་སྲུང་འཁོར་གྱི་ཞལ་ཤེས་གཞུང་བཞིན་བྱའོའི་