R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༩༨བ
[A:༣༩༨བ]མཐའ་ཅན། བྱད་མ་སྲུང་འཁོར་ཅན་གསོད་པའི་གདམས་པ་སྔགས་ནུས་ཅན་ལ་ལྷག་པར་འགྲོ་གསུངས་པའི་མཐའ་ཅན། ༧རྨི་ལྟས་ངན་པ་བཟློག་པའི་བཟའ་བ་རླུང་སྦྱོར་གྱི་གདམས་པ་སྙིང་དང་འདྲ་བར་སྦྱིན་གྱི་གཞན་ལ་མ་ཡིན་ནོའི་མཐའ་ཅན། ༧དྲག་པོའི་སྦྱིན་སྲེག་ཚིགས་བཅད་མ་
(མུ ཞ a)
གཞན་ཕན་དགེ་བ་བྱང་ཆུབ་ཏུ་བསྔོ་བའི་མཐའ་ཅན། ༧ལས་བཞིའི་བྲོ་བརྡུང་གི་ཡི་གེ་བཅོམ་ལྡན་དཔལ་ཆེན་མི་བསྐྱོད་པ་རྣམས་སོ། ། ༈ གསུམ་པ་བར་སྐབས་ཀྱི་སྙན་བརྒྱུད་འཛིན་པའི་གསུང་སྒྲོས་ཀྱི་ཡི་གེ་ལ། ཟབ་པའི་གནད་ཀྱི་མན་ངག་གི་རྩ་བའི་བསྙེན་པའི་ཡི་གེ་
(སྡིངས)
ཆོས་སྐྱོང་གི་ཟབ་གནད་ཐམས་ཅད་གཅིག་ཏུ་དྲིལ་ནས་བསྙེན་པའི་མན་ངག་སྦས་པའི་རྣལ་འབྱོར་བར་སྡིངས་པ་རྡོ་རྗེ་རྒྱལ་མཚན་གྱིས་མཛད་པ་དུས་གཅིག་ལ་ཆིག་བརྒྱུད་གྲས། ༧ལས་མགོན་ཟངས་གྲི་ཅན་གྱི་སྔགས་དང་བསྐྱེད་ཆོག་ཡི་གེ་ཞབས་གཉིས་བརྐྱང་བསྐུམས་ཀྱིས་བཞུགས་པར་བསྐྱེད་དོ། །གུ་ཧྱ་ས་མ་ཡ་ཁ་ཐཾ་གྱི་མཐའ་ཅན། སྔགས་འཆང་ཀུན་དགའ་ཟླ་བས་